分享按钮

འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་ཐད་གསོ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་བཅིངས་འགྲོལ་ཡན་ལག་ཀུང་སིར་བསྐྱོད་དེ། ཁ་ལོ་བ་200ལྷག་ཙམ་ལ་དུས་ཡུན་ཉིན་གསུམ་གྱི་འགྲིམ་འགྲུལ་བདེ་འཇཊ་སློབ་གསོའི་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་ཁྲོད། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རིམ་པ་གཉིས་པའི་མཐོ་རིམ་ཉེན་རྟོག་དཔོན་ཆུང་བདག་གིས“བདེ་འཇཊ་དང་འགན་འཁྲི”གཙོ་བོར་བྱས་ཏེ། གྲངས་གཞིའི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་།ཉེ་བའི་ལོ་ཤས་རིང་ཐོན་པའི་དཔེ་མཚོན་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཐོག ནང་དོན་ཟབ་ལ་གོ་བདེ་བའི་སྒོ་ནས་ལས་འཛོལ་གྱི་རྒྱུ་རྐྱེན་དང་།གནོད་འཚེ། དེ་བཞིན་ཁྱད་ཆོས་ལ་དབྱེ་ཞིབ་བྱས་པ་དང་། ཁ་ལོ་བ་ཚོར་བདེ་འཇཊ་ཀྱི་ཉེན་བརྡ་བཏང་བར་མ་ཟད། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བས་རླངས་འཁོར་གཏོང་སྐབས་ཐ་མག་འཐེན་པ་དང་།ལག་ཐོགས་ཁ་པར་རྒྱག་པ་སོགས་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དོར་ནས་རང་རྟོགས་ངང་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་། ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་གཏོང་སྐབས་མྱུར་ཚད་ལས་མི་བརྒལ་བ། ངལ་དུབ་ཀྱིས་མནར་ནས་རླངས་འཁོར་མི་གཏོང་བ།གློག་དམར་མི་བརྒལ་བ།གང་བྱུང་དུ་ཁ་ཕྱོགས་མི་སྒྱུར་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་གཏན་འགོག་བྱས་ནས་ཡ་རབས་ངང་ཕྱིར་སྐྱོད་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇཊ་པར་བྱེད་དགོས་པ་དང་སྦྲགས། སྤྱི་སྤྱོད་རླངས་འཁོར་ཁེ་ལས་ཀྱིས་ཤེས་ཚོར་སྐྱེན་པོས་ཁེ་ལས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲིའི་གཙོ་གཟུགས་ལག་བསྟར་ནན་པོ་བྱས་ཏེ་རླངས་འཁོར་གྱི་མེ་གསོད་ཡོ་ཆས་དང་།

བདེ་འཇཊ་ཐོ་བ། འཁོར་ལོ་སོགས་བདེ་འཇགས་སྒྲིག་ཆས་བཀོད་སྒྲིག་བྱས་ཚུལ་ལ་དོ་སྣང་དམ་ཟབ་བྱེད་དགོས་པ་དང་། ཁ་ལོ་བ་གསོ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་འབྱུང་རྩ་ནས་གཏན་འགོག་བྱས་ཏེ།རྒྱ་ཆེའི་མང་ཚོཊ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

སྤྱི་སྤྱོད་རླངས་འཁོར་ཨང་8པའི་ཁ་ལོ་བ་ཚེ་བརྟན་ནོར་བུས་དེ་རིང་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མང་པོ་ཞིག་སྦྱངས་ཡོད་པས་ཕྱིས་འབྱུང་གི་ལས་ཀའི་ཁྲོད།ངས་ངེས་པར་དུ་རང་རྟོགས་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་།གོམས་གཤིས་ངན་པ་དོར་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་བདེ་འཇགས་ཀྱི་རླངས་འཁོར་དང་། ཤེས་དཔལ་གྱི་རླངས་འཁོར།བློ་བདེའི་རླངས་འཁོར་བཅས་ཀྱི་ནང་སྡོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-09 འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། 6 6 拉萨日报藏文 c180616.html 1 ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་ཐད་གསོ་སྦྱོང་བྱས་པ། /enpproperty-->