(པར་ངོས་དང་པོར་མཐུད)སྤུས་ཚད་མཐོན་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།མི་སྣ་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་པ། གྲོགས་པོ་བློས་ཐུབ་ཀྱི་མཛའ་བཤེས་མི་སེམས་སུ་འཇགས་པ་བཅས་བྱུང་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་དེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་པས་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ནས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་སྒུལ་ཤུགས་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། སྤུས་ཚད་དེ་བས་མཐོ་བ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད། ང་རང་ནས་ད་ཐེངས་ཀྱི་འཚམས་འདྲི་དེ་གོ་སྐབས་སུ་བྱས་ནས་སྲིད་འཛིན་ཝུའུ་ཆི་ཆི་དང་ཕྱོགས་གཉིས་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གཞན་དག་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ཐོག མཛའ་བཤེས་གླེང་བ་དང་། མཉམ་ལས་གྲོས་མོལ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བཞུགས་ཏེ་ཕེབས་ཡོད།
སེར་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུཊ་ཏེ་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། པེར་ཀེ་ལའེ་ཏེར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་ལྷབ་ལྷབ་ཏུ་གཡོ་བ་དང་། ཕྱོཊ་མང་པོར“ཀྲུང་གོའི་དམར་མདངས”མངོན་པ། གློག་རྡུལ་བརྙན་ཤེལ་ཆེན་པོའི་ཐོག“སྙིང་ཉེ་བའི་ཀྲུང་གོའི་གྲོགས་པོར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་པ་ཡང་ནས་བསྐྱར་དུ་སྟོན་བཞིན་ཡོད། སེར་ཝེ་ཡར་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ། དེ་བཞིན་སེར་ཝེ་ཡའི་མང་ཚོཊ་བཅས་ཀྱིས་རང་འགུལ་ངང་འགྲོ་ལམ་གཡས་གཡོན་དུ་ལངས་ནས་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社