(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་བསྟན་དོན། ཁོངས་གཏོགས་ཚན་པ་ཁག་གིས་གཏན་འཁེལ་བྱས་པའི་གོ་རིམ་གཞིར་བཟུང་། གྲོང་ཨུད་ཀྱི“ཁག་གཅིག་བྱས་པ་ལྔའི”ལས་དོན་གྱི་བླང་བྱར་དམིགས་ནས་གྲགས་རྟགས་དང་མིང་བྱང་གཏོད་པའི་ལས་དོན་ལ་དམ་འཛིན་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གི་ལས་ཀའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱོད་གོ་ཆོད་པའི་ལས་ཀའི་བྱེད་ཐབས་བཟོ་དགོས་པར་མ་ཟད། དོན་འཁྱོལ་ལྷོད་མེད་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ལོ་འཁོར་འདིའི་འཛུགས་གཏོད་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས།
ཚོཊ་འདུའི་ཐོག་ནན་གྱིས་བསྟན་དོན། 2024ལོའི་དུས་ཚིགས་དང་པོའི་ལས་དོན་ལ་ཕྱིར་མིག་ནན་ཏན་བལྟས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་སྟེ། ཁོངས་གཏོགས་ཚན་པ་ཁག་གིས“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་གཞིར་བཟུང་། “ཡུལ་དགུ་རུ་སྤེལ་བའི”ལས་གཞི་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ནས་འཛུགས་གཏོད་ལས་དོན་དང་། གཞི་རིམ་གྱི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་བཅས་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་ལྟ་སྐུལ་མཛུབ་ཁྲིད། མཉམ་དུ་དོན་འཁྱོལ་བཅས་བྱེད་དགོས་པ་དང་། ཁྱད་ཆོས་གཏོད་རྒྱུར་སྣང་ཆེན་བྱས་ནས་འབྲེལ་ཡོད་ལས་ཐོ་ལེགས་པར་བཀོད་དེ། 2024ལོའི་འཛུགས་གཏོད་ལས་དོན་གྱི་དམིགས་ཚད་དང་ལས་འགན་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས་པར་མ་ཟད། རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མངོན་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཐོན་པ་བཅས་ཀྱི་སྒོ་ནས་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཁོངས་གཏོཊ་ཚན་པ་ཁག་གིས་བསམ་བློ་ཆབ་སྲིད་སྣེ་འཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ། 2024ལོའི་དུས་ཚིཊ་དང་པོའི་ལས་དོན་གྱི་དམིཊ་ཚད་ལ་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་དམིགས་པ་བཅས་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་ལས་དོན་དམ་འཛིན་ལེགས་པར་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ནང་དོན་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་པ། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་འཛུགས་གཏོད་ལས་དོན་ནང་འདྲེས་པར་བྱེད་པ་དང་། སྤྱོད་ཚུལ་བཟང་པོ་མུ་མཐུད་དར་བར་བྱེད་པ། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་དམ་པ་དོན་གཉེར་བྱེད་པ། ལྷོད་གཡེང་གི་བསམ་ཚུལ་མེད་པར་བཟོ་བ། ཁྲལ་སེལ་སླ་བཅོས་འགོག་པ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། འཛུགས་གཏོད་ལས་དོན་ལ་དམ་འཛིན་བྱེད་པའི་རྒྱུན་འཁྱོངས་ལྷོད་མེད་དགོས་པ། གཙོ་གནད་ལས་འགན་ལ་དམིགས་ནས་བྱ་ཐབས་བཟོ་བ་དང་། འགན་འཁྲི་གཏན་འཁེལ་བྱེད་པ། དུས་བཀག་དབྱེ་བ་བཅས་བྱས་ཏེ། འཛུགས་གཏོད་ལས་དོན་ཁག་ལ་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཕེང་ཧྥེ་ཡུའེ་དང་། གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་བློ་བསྟན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལིའུ་ལེང་བཅས་ཚོགས་འདུར་ཞུགས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社