分享按钮

“ལྔ་གཅིག”གུང་གསེང་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་བཅུ་སྐྱེལ་འདྲེན་ཐུབ་རྒྱུའི་འགན་ལེན་བྱས་པ།

ལྷ་སས་ཡུལ་སྐོར་བ་མི་ཐེངས་ཁྲི་ 76.96ལ་སྣེ་ལེན་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “ལྔ་གཅིག”གུང་གསེང་རིང་། ལྷ་སས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་76.96ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བརྒྱ་ཆ་16.97འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་6.98ཟིན་ནས་དུས་མཚུངས་ལས་བརྒྱ་ཆ་15.18འཕར་ཡོད་པ་རེད། སྣེ་ལེན་ཞུས་པའི་མི་ཐེངས་དེ་2019ལོའི་དུས་མཚུངས་ལས་བརྒྱ་ཆ་113.54འཕར་བ་དང་། ཡུལ་སྐོར་ཡོང་འབབ་2019ལོའི་དུས་མཚུངས་ལས་བརྒྱ་ཆ་97.73འཕར་ཡོད་པ་རེད།

“ལྔ་གཅིག”གུང་གསེང་རིང་། ཁྲིམས་འཛིན་མི་སྣ་མི་ཐེངས་31བཏང་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་20ལ་ཞིབ་བཤེར་བྱས་པ་རེད། དེའི་ནང་ཡུལ་སྐོར་ལས་དོན་ཁང་8དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང(ཟ་ཁང)3 ཡུལ་སྐོར་པར་ལེན་ཚོང་ཁང་5 ཡུལ་སྐོར་ཚོགས་པ་31 ཡུལ་སྐོར་སྣེ་ཤན་པ་31 Aརིམ་པའི་མཛེས་ལྗོངས་ཁུལ་4བཅས་ཚུད་ཡོད་པ་རེད། མིག་སྔའི་བར་ད་ལོར་ཡུལ་སྐོར་གྱི་རྩོད་གཞི་ཞུ་གཏུག་བྱས་པ་ཁྱོན་81བདག་སྤྲོད་བྱས་པ་དང་། གྱོད་གཞི་24ཐག་གཅོད་བྱས་ཟིན་པ། དཔལ་འབྱོར་གྱོང་གུན་སྒོར་36400མི་ཕོག་པ་བྱས་ཡོད་པ་རེད།

གཞན་ཡང་། “ལྔ་གཅིག”གུང་གསེང་རིང་། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་ཁྱོན་གནམ་གྲུ་ཐེངས་824འགན་ལེན་བྱས་པ་དེ་2019ལོའི་དུས་མཚུངས་ལས་བརྒྱ་ཆ་9.1འཕར་བ་དང་། 2023ལོའི་དུས་མཚུངས་ལས་བརྒྱ་ཆ་8.3ཆག་ཡོད། འགྲུལ་པ་མི་ཐེངས་ཁྲི་10སྐྱེལ་འདྲེན་བྱ་རྒྱུར་འགན་ལེན་བྱས་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་2ཟིན་པ་དེ་2019ལོའི་དུས་མཚུངས་ལས་བརྒྱ་ཆ་24.9འཕར་བ་དང་། 2023ལོའི་དུས་མཚུངས་ལས་བརྒྱ་ཆ་4.7འཕར་བ། སྦྲག་སྐྱེལ་ཟོག་འདྲེན་ཏུན་671.7ལེཊ་གྲུབ་ཟིན་པ་དེ་2019ལོའི་དུས་མཚུངས་ལས་བརྒྱ་ཆ་12.4འཕར་བ་དང་། 2023ལོའི་དུས་མཚུངས་ལས་བརྒྱ་ཆ་19.3འཕར་ཡོད་པ་རེད། འགྲུལ་པ་མང་བའི་མཁའ་ལམ་གཙོ་བོ་ནི་ལྷ་སའི་གོང་དཀར་གནམ་ཐང་ནས་ཁྲེང་ཏུའུ་ཧྲོང་ལིའུ་དང་། ཁྲེང་ཏུའུ་ཐེན་ཧྥུ། ཁྲུང་ཆིང་ཅང་པེ། ཤིས་ཨན་ཞན་དབྱང་བཅས་ཀྱི་བར་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་ནས་ཁྲུང་ཆིང་ཅང་པེ་དང་། ཁྲེང་ཏུའུ་ཧྲོང་ལིའུ། ཆབ་མདོའི་སྤང་མདའ་གནམ་ཐང་ནས་ཁྲེང་ཏུའུ་ཧྲོང་ལིའུ་སོཊ་ཡིན།

འགྲུལ་པའི་མཁའ་འགྲུལ་གྱི་དགོས་མཁོར་ཞབས་འདེགས་ཞུ་ཡག་པོ་ཞུ་ཆེད། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་ཞབས་ཞུའི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་ནས་ཞབས་ཞུ་ཡག་པོ་ཞུ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བརྒྱུད་སྤྲོད་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ད་ལྟའི་དུས་མཚམས་སུ་ཁྲུང་ཆིང་དང་། ཁྲེང་ཏུའུ། མེན་དབྱང་བཅས་སུ་བསྐྱོད་པའི“གནམ་གྲུ་ཐེངས་གཅིག་གཏོང་བ་དང་། བདེ་འཇགས་ཞིབ་བཤེར་ཐེངས་གཅིག་བྱེད་པ། རྡོག་ཁྲེས་ཐད་ཀར་སྐྱེལ་བའི”ཞབས་ཞུ་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་ལག་བསྟར་ཧུར་ཐག་བྱས་ནས་ཐོག་མའི་འགྲུལ་སྐྱེལ་ཞབས་ཞུ་དང་། ཞབས་ཞུའི་གནད་དོན་མ་བྱུང་སྔོན་འགོག དམིགས་བསལ་འགྲུལ་པ་རྣམས་ལ“གཅིག་གཏད་གཅིག”གི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་སོགས་དམངས་ཕན་སྟབས་བདེའི་ཞབས་ཞུའི་བྱེད་ཐབས་མང་པོ་བསྟུད་མར་བཏོན་ཏེ་འགྲུལ་པ་རྣམས་ལ་འགྲུལ་སྐྱེལ་ཉམས་ལེན་དེ་བས་ལེགས་པ་ཡོང་གི་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པ་དང་གནམ་གཤིས་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་གནས་ཚུལ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། རྒྱུན་གཏན་མིན་པའི་གནམ་གཤིས་གནས་ཚུལ་འོག་མི་ཐབས་ལ་བརྟེན་ནས་ཐེ་གཏོགས་དང་ཆ་འཕྲིན་བརྡ་ཁྱབ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། 《དམིགས་བསལ་གནམ་གཤིས་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས》དང་།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-09 “ལྔ་གཅིག”གུང་གསེང་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་བཅུ་སྐྱེལ་འདྲེན་ཐུབ་རྒྱུའི་འགན་ལེན་བྱས་པ། 6 6 拉萨日报藏文 c180611.html 1 ལྷ་སས་ཡུལ་སྐོར་བ་མི་ཐེངས་ཁྲི་ 76.96ལ་སྣེ་ལེན་ཞུས་པ། /enpproperty-->