ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྒྲོན་མེ་འོད་སྟོང་རྒན་རྒོན་སློབ་གསོས་ལོ་འཁོར་གྱི་རྟེན་འབྲེལ་ཞུ་བ་དང་ཡིག་གཟུཊ་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་རྟེན་འབྲེལ་མཛད་སྒོ་འཚོཊ་པ་རེད།
རྟེན་འབྲེལ་མཛད་སྒོའི་ཐོག སྒྲོན་མེ་འོད་སྟོང་རྒན་རྒོན་སློབ་གསོའི་སློབ་སྤྱིས་སློབ་གྲྭ་དེའི་འདས་ཟིན་པའི་ལོ་གཉིས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོཊ་བསྡོམས་བྱས་པ་དང་། སློབ་གྲྭས་དུས་འགོར་སྤེལ་བའི་བོད་ཡིག་ཡིག་གཟུཊ་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་མཁན་དང་ལོ་འཁོར་གྱི་ཕུལ་བྱུང་སློབ་མར་བྱ་དགའ་དང་གཟི་བརྗིད་ལག་ཁྱེར་སྤྲད་པ་དང་། དགེ་རྒན་དང་སློབ་མ་ཚོས་སྙན་ངག་གྱེར་འདོན་དང་སྒྲ་སྙན་དཀྲོལ་གཏོང་སོཊ་འཁྲབ་སྟོན་བྱས་ནས་སློབ་མ་རྒན་རྒོན་ཚོའི་བདེ་ཐང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དང་རྒན་རྒོན་སློབ་ཁྲིད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་མངོན་པར་བྱས་ཡོད།
སྒྲོན་མེ་འོད་སྟོང་ནི་ལོ་50ཡན་གྱི་རྒན་རྒོན་ལ་ཆེད་མངཊ་དམིཊ་པའི་རྒན་རྒོན་གྱི་སློབ་ཁྲིད་དང་། ཡུལ་སྐོར་སློབ་སྦྱོང་། ཚོཊ་པའི་བྱེད་སྒོ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོཊ་བསྡུས་རང་བཞིན་གྱི་རྒན་རྒོན་སློབ་གྲྭ་ཞིག་རེད། མིག་སྔར་བོད་ཡིག་འཛིན་གྲྭ་དང་། སྒྲ་སྙན་འཛིན་གྲྭ། ཡོ་གའི་འཛིན་གྲྭ། ནང་མ་སྟོད་གཞས་འཛིན་གྲྭ་སོགས་བཙུགས་ཡོད་པས་ལག་ལེན་ཁྲོད་དུ“རྒན་པར་སློབ་གསོ་ཡོད་པ་དང་། རྒན་པར་སློབ་སྦྱོང་ཡོད་པ། རྒན་པར་སྤྲོ་སྣང་ཡོད་པ། རྒན་པར་བྱས་རྗེས་ཡོད་པ”བཅས་དམིགས་ཡུལ་དུ་བྱས་པའི་སློབ་གཉེར་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། ལོ་གཉིས་ཀྱི་རིང་། སློབ་གྲྭའི་བྱ་གཞག་ཁག་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་ནས་སློབ་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社