ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ནས་བཟུང་། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་དོག་སྡེ་མངཊ་གཏོང་ཁང་ལྷོ་ངོས་ཉེན་རྟོག་ཁང་གིས་ཁོངས་གཏོཊ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་བདེ་སྲུང་མཉམ་འགོག་དང་། འགལ་བ་མཉམ་སེལ། ཉེན་རྟོག་དང་ཚོང་ལས་མཉམ་འབྲེལ། མངོན་མེད་རྐྱེན་ངན་མཉམ་བཅོས། ཞབས་ཞུ་མཉམ་འབྲེལ་བཅས་ཀྱི་མཉམ་འབྲེལ་ལྔའི་ཉེན་རྟོག་ལས་དོན་ལམ་སྲོལ་གསར་དུ་བཏོད་ནས་གཙོ་འགོག་གི་ནུས་པ་ཆེ་རུ་བཏང་སྟེ་བདེ་འཇཊ་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
བཅར་འདྲི་བྱེད་སྐབས། གསར་འགོད་པ་ལྷོ་ངོས་ཉེན་རྟོག་ཁང་གི་ཉེན་རྟོག་དཔོན་ལི་ཤིན་སོགས་དང་མཉམ་དུ་ལྷོ་ངོས་གྲོང་ཚོའི་ཚོཊ་ཆུང་གཉིས་པའི་ཁེར་སྡོད་བགྲོས་སོང་བུ་ཆུང་ལ་གཟིགས་པར་བསྐྱོད་ཡོད། བགྲེས་སོང་བུ་ཆུང་ད་ལོ་དགུང་ལོ་81ཡིན་པ་དང་། ཕོ་བའི་ནད་དང་ཚིགས་ནད་སོགས་ཀྱི་ནད་ཕོག་ཡོད།
ལི་ཤིན་གྱིས་ཡུན་རིང་འཐབ་ཕྱོཊ་དང་པོའི་མང་ཚོཊ་དང་འབྲེལ་འདྲེས་བྱས་པའི་རྐྱེན་གྱིས་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། ཁོང་གིས་བོད་སྐད་ཐོག་ནས་བགྲེས་སོང་བུ་ཆུང་གི་གཟུཊ་པོའི་གནས་ཚུལ་འདྲི་རྩད་བྱས་པ་དང་འབྲེལ་ཁོང་ལ་འཚོ་བའི་མཁོ་ཆས་ཀྱང་བསྐྱལ་ཡོད། དེ་རྗེས་ལི་ཤིན་དང་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པས་བགྲེས་སོང་གི་ཁང་པར་གཙང་སྦྲ་བྱས་པ་དང་སྦྲཊ་གློག་ཤུཊ་བདེ་འཇཊ་ཐད་ཞིབ་བཤེར་བྱས་ཏེ། བགྲེས་སོང་གི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་དགོས་མཁོ་ཤེས་རྟོཊ་བྱས་པ་དང་ཆབས་ཅིག་བགྲེས་སོང་ལ་འབྱུང་ཁུངས་གསལ་པོ་མེད་པའི་ཁ་པར་དང་འཕྲིན་ཐུང་ལ་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་དང་། དེ་བཞིན་གློག་དང་འབར་རླངས་སྤྱོད་སྐབས་བདེ་འཇཊ་ལ་དོ་སྣང་བྱེད་དགོས་པ་དང་། དཀའ་ངལ་ཡོད་ཚེ་དུས་ཐོག་ཏུ་མི་དམངས་ཉེན་རྟོག་པར་སྙན་སེང་ཞུ་དགོས་པའི་ཁ་ཏ་བྱས་ཡོད།
བགྲེས་སོང་བུ་ཆུང་གིས་ལྷོ་ངོས་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོཊ་ཉེན་རྟོག་པས་ཁོམ་པ་བྱུང་ཚེ་འཚོ་བའི་མཁོ་ཆས་དང་ཚིགས་ནད་ཀྱི་སྨན་སྐྱེལ་གྱི་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།
ལྷོ་ངོས་ཉེན་རྟོག་ཁང་གི་ཁོངས་གཏོགས་ཁུལ་དུ་ཁེར་སྡོད་བགྲེས་སོང་ཅུང་མང་པོ་ཡོད་པས་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱ་ཆེད། ཉེན་རྟོག་ཁང་དེས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། ཞབས་ཞུ་ཧུར་ཐག་བསྒྲུབས་ནས་ཁོང་ཚོར་དྲོ་སྐྱིད་ཚོར་བར་བྱས་ཡོད་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་ལ་དམིགས་ཏེ་མཉམ་སྒྲུབ་དང་སྣ་མང་མཉམ་འདུམ་ལག་བསྟར་བྱས་ནས་འགལ་བ་དང་རྩོད་གཞི“ས་ཚིགས་གཅིག་གིས་བདག་སྤྲོད་དང་། དུས་ཐོག་ཏུ་ཁག་བགོས། མཉམ་འབྲེལ་ངང་འདུམ་འགྲིག”བཅས་བྱས་ནས་འགལ་བ་སེལ་ཐུབ་ཚད་མཐོ་རུ་ནུས་ལྡན་བཏང་བ། ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་བརྒྱུད་ནས་གནས་ཡུལ་དང་ཐར་ཐོར་གྱི་ཁང་པ་བོགས་མར་གཏོང་བའི་དོན་དངོས་ལ་གཞི་ཚུགས་ནས“ཉེན་རྟོག་ཚོང་པའི་མནའ་འབྲེལ”ཧུར་ཐག་བསྐྲུན་ཏེ་ཁྲིམས་འཛིན་མཉམ་འགུལ་དང་། དོ་དམ་མཉམ་འཛིན། མངོན་མེད་རྐྱེན་ངན་མཉམ་བཤེར། གནད་དོན་མཉམ་བཅོས། ཆ་འཕྲིན་མཉམ་འབྲེལ་བཅས་བཏོད་ཡོད།
ཚོང་དུད་ཤང་ཆི་ལུང་གིས་ངས་ལྷོ་ངོས་གྲོང་ཚོར་ཟ་ཁང་གཉེར་ནས་ལོ་བཅུ་ཕྱིན་ཡོད། ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པ་དང་གྲོང་ཚོའི་ལས་དོན་མི་སྣས་རྒྱུན་དུ་ཟ་ཁང་དུ་བདེ་འཇཊ་ཞིབ་བཤེར་བྱས་ནས་ང་ཚོར་བདེ་འཇཊ་ལ་གནོད་པའི་རྐྱེན་ངན་སེལ་རོཊ་བྱེད་ཀྱི་ཡོད་པར་མ་ཟད། ང་ཚོར་བདེ་འཇཊ་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་དཀའ་ངལ་སེལ་རོཊ་བྱེད་ཀྱི་ཡོད། འདི་གའི་ཚོང་གཉེར་བྱེད་པའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། དོག་སྡེ་མངཊ་གཏོང་ཁང་ལྷོ་ངོས་ཉེན་རྟོག་ཁང་གིས་རྒྱུན་གཏན་ཅན་གྱི་དྲིལ་བསྒྲཊ་སློབ་གསོ་དང་ཐག་གཅོད་ལམ་སྲོལ་བཟོས་ནས་སྤྱི་ཚོཊ་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བསྡུ་རུབ་ཧུར་ཐག་བྱས་ཏེ་མང་ཚོཊ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དེ་ཉེན་རྟོག་ཁང་གི་ལས་དོན་དམིཊ་ཚད་ནང་བཅུག་ནས་ལས་དོན་ཚང་མ་ཞིབ་ཚཊ་ངང་བསྒྲུབས་ཏེ། མང་ཚོཊ་ཀྱི་དཀའ་ངལ་ཐག་གཅོད་ནུས་ཤུཊ་ཡོད་རྒུས་བྱས་ཤིང་།ཁྱོན་མང་ཚོཊ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་60ལྷག་ཙམ་ཐག་གཅོད་བྱས་པ་དང་། གཟེངས་བསྟོད་དར་ཆ་26དང་ཐུཊ་རྗེ་ཆེ་ཞུ་ཡིག་3འབྱོར་ཡོད། ལི་ཤིན་གྱིས་ཕྱིས་འབྱུང་། ལྷོ་ངོས་ཉེན་རྟོག་ཁང་གིས“7+1”ཀྱི་ལས་ཀའི་རྣམ་པ་དམ་པོར་བཟུང་ནས་ཞབས་ཞུའི་དོ་དམ་ལ་དམ་འཛིན་ཆེན་པོ་བྱས་ཏེ། སེམས་ཤུཊ་ཆེན་པོས་མང་ཚོཊ་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་བྱ་རྒྱུ་དང་། ལས་དོན་ཁྲོད་མང་ཚོཊ་ཞུཊ་ཚད་མཐོ་རུ་བཏང་ནས་ཁས་ལེན་བྱེད་ཚད་དེ་བས་ཆེ་བ་དང་གོང་བུར་འགྲིལ་ཤུགས་དེ་བས་ཆེ་བ་ཡོང་བར་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་མ་ཟད།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社