分享按钮

ཞི་ཅིན་ཕིང་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཉམ་དུ་སྟོད་པི་ལི་ཉིའུ་སི་མངའ་སྡེར་འཚམས་འདྲིར་ཕེབས་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སི་ནས་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་མངའ་སྡེར་འཚམས་འདྲིར་ཕེབས་ཤིང་། པར་འདི་ནི་ཐ་པུའུ་གནམ་ཐང་དུ་མ་ཁེ་ལུང་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་སྟངས་དཔྱལ་ལ་བསུ་བ་ཞུ་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་ཐ་པུའུ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སི་ནས་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྟོད་པི་ལི་ཉིའུ་སི་མངའ་སྡེར་འཚམས་འདྲིར་ཕེབས་ཡོད།

མ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་སྔ་སྣུར་དུ་འབྱོར་ནས་སྟོད་པི་ལི་ཉིའུ་སི་མངའ་སྡེའི་འགོ་འཛིན་ས་ལུའོ་མོན་སོགས་ཧྥ་རན་སེའི་ས་གནས་སྲིད་གཞུང་གི་འཐུས་མིའི་སྣེ་ཁྲིད་དེ་ཐ་པུའུ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་སྟངས་དཔྱལ་ལ་བསུ་བ་ཞུས་པ་དང་། ཁོང་ལ་མཚོན་ན་སྟོད་པི་ལི་ཉིའུ་སི་མངའ་སྡེའི་འཚམས་འདྲི་དེ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད།

དཔྱིད་དབྱར་དུས་ཚིགས་ཀྱི་ཧྥ་རན་སིའི་ལྷོ་རྒྱུད་རི་ཁུལ་དུ་ཁ་བ་ཞུ་ཞིང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་། རི་སྐྱེས་མེ་ཏོག་རབ་ཏུ་བཞད་ཅིང་།རི་ཀླུང་ཀུན་སྔོ་ལྗང་རྩྭ་ཡིས་ཁེབས་ཡོད།

སྲིད་འཛིན་མ་ཁེ་ལུང་དང་པུའུ་ལི་ཅི་ཐེས་ཐུའུ་ཨེར་མ་ལའེ་ལུང་མདོའི“ལུག་རྫིའི་འབབ་ཚུགས”ཞེས་པར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་བསུ་བ་ཞུས་པ་དང་། ལྷན་དུ་ས་གནས་དེ་གའི་གྲོང་མིས་འཁྲབ་སྟོན་བྱས་པའི་ཧྥ་རན་སེ་ལྷོ་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་ལུག་རྫིའི་ཞབས་བྲོར་མཉམ་རོལ་གནང་བ་དང་འབྲེལ་ཁོང་ཚོ་དང་མཛའ་བརྩེའི་ངང་མཉམ་པར་ཡང་བསྐྱོན་ཡོད་པ་རེད།

འབབ་ཚུགས་ཀྱི་ཤིང་ཁང་ཕྱི་རོལ་དུ་དཔྱིད་འགོའི་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་གནམ་མཐར་སྨུག་སྤྲིན་འགྱུ་བཞིན་མཆིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་སྒེའུ་ཁུང་གི་འཁྲིས་སུ་བཞུགས་ཏེ་རི་ཚོགས་ལ་རྒྱང་གཟིགས་གནང་བ་དང་ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ལ་རོལ་བ་དང་ཆབས་ཅིག་གནམ་འོག་གི་འགྱུར་ལྡོག་གླེང་ཞིང་། བག་ཕེབས་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་གནད་དོན་གལ་ཆེན་ཁག་གཅིག་ཐད་འཐབ་ཇུས་བགྲོ་གླེང་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་ནི།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-09 6 6 拉萨日报藏文 c180606.html 1 ཞི་ཅིན་ཕིང་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཉམ་དུ་སྟོད་པི་ལི་ཉིའུ་སི་མངའ་སྡེར་འཚམས་འདྲིར་ཕེབས་པ། /enpproperty-->