分享按钮

ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་ འཚམས་འདྲི་གནང་འགོ་ཚུཊ་པ།

ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན་གྱི་དགོང་མོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེར་ཀེ་རེ་ཏེར་ཕེབས་འབྱོར་ཟིན་ནས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིའི་གདན་ཞུས་ལྟར། སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སེར་ཝེ་ཡའི་མངའ་ཁོངས་གི་བར་སྣང་དུ་སླེབས་རྗེས། སེར་ཝེ་ཡའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེར་ཀེ་རེ་ཏེ་ཉི་ཀུའུ་ལ·ཐེ་སི་ལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་སྟངས་དཔྱལ་དང་། ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དེ་སྔའི་སྲིད་འཛིན་ཉི་ཁོ་ལི་ཆི་སྟངས་དཔྱལ། གྲོས་དཔོན་པུར་ན་པི་ཆི། སྲིད་བློན་ཝུའུ་ཆེ་ཝེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལི་ཆི་སོགས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད།

ཝུའུ་ཆི་ཆིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཐུན་མིན་གྱི་མགྲོན་བསུའི་མཛད་སྒོ་གཉེར་ཡོད། སེར་ཝེ་ཡའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་དང་། ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ། མི་རིགས་ཀྱི་གྱོན་ཆས་གྱོན་པའི་སེར་ཝེ་ཡའི་མི་དམངས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་སེར་ཝེ་ཡར་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། 2016ལོར་རྒྱལ་ཁབ་གཉིས་པོའི་དབར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྲ་ཞིང་བརྟན་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-09 6 6 拉萨日报藏文 c180605.html 1 ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་ འཚམས་འདྲི་གནང་འགོ་ཚུཊ་པ། /enpproperty-->