分享按钮

ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ལྷན་དུ་ཀྲུང་གོ་དང་། ཧྥ་རན་སེ། ཡོ་རོབ་བཅས་ཀྱི་འགོ་ཁྲིད་མི་སྣའི་ཕྱོགས་གསུམ་མཇལ་འཛོམས་གནང་བ།

(པར་ངོས་དང་པོར་མཐུད)མི་བརྟེན་པ། ཚོད་འཛིན་ཡང་མ་ཐེབས་པ་བྱེད་དགོས། ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོར་ངོས་འཛིན་ཡང་དག་བྱས་ནས་ཀྲུང་གོར་འཛིན་པའི་དགེ་མཚན་ལྡན་པའི་སྲིད་ཇུས་ཧུར་ཐག་བཟོ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འགོ་ཁྲིད་པའི་ཐུག་འཕྲད་གསར་པ་དང་དེ་བཞིན་འཐབ་ཇུས་དང་། དཔལ་འབྱོར་ཚོང་དོན། འབྱུང་འཕྲོད། གྲངས་འཛིན་བཅས་ཀྱི་མཐོ་རིམ་སྐད་ཆ་ཤོད་རེས་ལ་གྲ་སྒྲིག་ཡག་པོ་བྱས་ནས་བརྟན་ལྷིང་དང་ཕན་ཚུན་ཡིད་ཆེས་ལྡན་པའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རོགས་ཟླའི་འབྲེལ་བ་གཏོད་དགོས། ཀྲུང་གོས་ཡོ་རོབ་རྒྱལ་ཁབ་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དང་རྒྱལ་ཁོངས་ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ཡོང་བར་སྟབས་བདེ་བསྐྲུན་པ་དེ་བེད་སྤྱོད་ཡག་པོ་བྱས་ནས་དམངས་ཁྲོད་དང་ས་གནས་དབར་གྱི་འགྲོ་འོང་དང་། སློབ་གསོ། ཚན་ཞིབ་མཉམ་ལས་བཅས་ལ་སྐུལ་མ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བའི་དམངས་འདུན་གྱི་རྨང་གཞི་དང་གླེང་ཕྱོགས་ཀྱི་རྣམ་པ་ལེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་སྒོ་དབྱེའི་འགྲན་རྩོད་ཁྲོད་འཇོན་ཐང་ངོ་མ་སྦྱོང་བརྡར་བྱས་པ་དེ་ནི་སྔོན་ཐོན་གྱི་ཐོན་ནུས་མཚོན་གྱི་ཡོད་པས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་གྱི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པར་མ་ཟད། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འབྱུང་འཕྲོད་ཕྱོགས་སྒྱུར་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། བསྡུར་གཞི་ཡོད་པའི་ལེགས་ཆ་དང་གོ་ལ་ཧྲིལ་པོའི་ཁྲོམ་རའི་དགོས་མཁོའི་ཐད་ནས་བལྟས་ན། ཀྲུང་གོའི་ཐོན་ནུས་ལྷག་དྲགས་པའི་གནད་དོན་ཞེས་པ་དེ་མེད། ཀྲུང་གོ་དང་ཡོ་རོབ་དབར་མཉམ་ལས་བྱེད་པའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཕན་གཉིས་ཁེ་ཡིན་པ་དང་། ཕྱོགས་གཉིས་པོར་འབྱུང་འཕྲོད་དང་གྲངས་འཛིན་ཕྱོགས་སྒྱུར་ཁྲོད་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་ཕྱོགས་གཉིས་པོས་ལུགས་མཐུན་ངང་དོ་ཁུར་བྱེད་པར་ལྟ་རྟོག་བྱེད་དགོས།

མ་ཁེ་ལུང་གིས་བསྟན་དོན།འདི་ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་དང་ཧྥ་རན་སེ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་བྱེད་རིང་ཧྥ་རན་སི་དང་། ཀྲུང་གོ། ཡོ་རོབ་བཅས་དབར་གྱི་འགོ་ཁྲིད་ཕྱོགས་གསུམ་གྱི་ཐུག་འཕྲད་གནང་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་དེ་སྔ་ཧྥ་རན་སེ་དང་། ཀྲུང་གོ། ཡོ་རོབ་བཅས་དབར་གྱི་འགོ་ཁྲིད་ཕྱོགས་གསུམ་གྱི་ཐུག་འཕྲད་ཐེངས་ཁ་ཤས་ཀྱི་རྒྱུན་མཐུད་ཅིག་ཡིན་ལ་རྒྱལ་སྤྱིའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད། མིག་སྔར་འཛམ་གླིང་ལ་འགྲན་སློང་གལ་ཆེན་འཕྲད་ཡོད་པ་དང་རྒྱལ་སྤྱིའི་དུས་བབ་འགག་རྩའི་ཁ་ཕྱོགས་འགྱུར་མཚམས་སུ་གནས་ཡོད། ཧྥ་རན་སེ་དང་ཡོ་རོབ་མནའ་འབྲེལ་གྱིས་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་གལ་ཆེ་བ་ཡོད་དེ་ནི་ཡོ་རོབ་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧྥ་རན་སེ་དང་ཀྲུང་གོ་དང་།ཡོ་རོབ་དང་ཀྲུང་གོའི་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་འབྲེལ་བ་ཆད་པར་ཁས་ལེན་མི་བྱེད་པར་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་ཀྱི་རིན་ཐང་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཧྥེང་ཏེ་ལའེ་ཨེན་གྱིས་བསྟན་དོན། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་བཟང་པོ་ཡོད། སང་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་ཙུགས་ནས་ལོ་50འཁོར་བའི་ལོ་རེད། གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྲུང་གོས་གནས་བབ་དང་ནུས་པ་གལ་ཆེན་བཟུང་ཡོད་པ་དང་།ཀྲུང་གོ་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡོ་རོབ་མནའ་འབྲེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་གནམ་གཤིས་འགྱུར་ལྡོག་དང་ཡུག་རེན་གྱི་ཉམས་ཉེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཐུབ་མིན་ཡང་ཐག་གཅོད་ཐུབ་རྒྱུ་རེད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། གོ་ནོར་མི་ཐེབས་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་། བདེ་འཇཊ། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་འབྱུང་འཕྲོད་ཕྱོགས་སྒྱུར་འཕེལ་རྒྱས་ཐད་ཀྲུང་གོ་ཕྱོགས་ཀྱིས་འབད་བརྩོན་བྱས་པ་དང་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པ་དང་། རང་ངོས་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་ཁས་ལེན་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོགས་དང་མུ་མཐུད་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བྱས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།

ཡུག་རེན་གྱི་ཉམས་ཉེན་སྐོར་ལ་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་དང་། ཧྥ་རན་སེ་ཕྱོགས། ཡོ་རོབ་ཕྱོགས་བཅས་ཚང་མས་དམག་མཚམས་མགྱོགས་མྱུར་འཇོག་རྒྱུ་དང་ཡོ་རོབ་ཞི་བདེ་སླར་གསོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་དམག་འཁྲུག་གི་དོན་དག་ཁྱབ་ཆེ་རུ་འགྲོ་བར་ཐུན་མོང་ཐོག་ངོ་རྒོལ་དང་། ཐུན་མོང་ཐོག་ཞི་བའི་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་ནས་རྒྱལ་སྤྱིའི་ནུས་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་དང་ཐོན་ལས་ཀྱི་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་དང་དོ་བདག་ཕྱོགས་ཤིག་མིན་པར་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཁ་ཏ་བྱེད་པ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་དྲང་གཞག་གི་ལངས་ཕྱོགས་དང་དགེ་མཚན་ལྡན་པའི་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ཁས་ལེན་ཐོབ་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུཊ་རྒྱུན་འཁྱོངས་བྱེད་འདོད་ཡོད།

ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སྐོར་ལ་ཞི་ཅིན་ཕིང་གིས་བསྟན་དོན། ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཕྱོགས་ཡོངས་ནས་དམག་མཚམས་གང་མགྱོགས་འཇོག་རྒྱུ་དེ་ཡིན་པ་དང་། གལ་ཆེའི་ནང་གི་འགངས་ཆེན་ནི་མི་ཆོས་རིང་ལུཊ་ཀྱི་རོཊ་སྐྱོབ་འགན་ལེན་བྱ་རྒྱུ་དེ་ཡིན།རྩ་བའི་འགྲོ་ལམ་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱ་རྒྱུ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཚོགས་མིའི་རྒྱལ་ཁབ་ཏུ་འགྱུར་བར་དང་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཀྲུང་གོ་དང་ཡོ་རོབ་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲཊ་དེ་བས་ཆེ་བ། ཕན་འབྲས་དེ་བས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་གང་མགྱོགས་འཚོག་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་གཏན་འབེབས་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་སྔ་ཙམ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

འགོ་ཁྲིད་གསུམ་ཀྱིས་ད་ཐེངས་ཀྱི་ཕྱོགས་གསུམ་ཐུག་འཕྲད་ལས་ཕན་ཚུན་ཤེས་རྟོགས་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་གྱུར་པ། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་ཁ་གསལ་བཅས་བྱས་ཡོད་པས། མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པའི་ངོས་འཛིན་བྱས་པ་རེད།

ཚའེ་ཆི་དང་ཝང་དབྱི་རྣམ་གཉིས་ཐུག་འཕྲད་ལ་ཞུགས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180596.html 1 ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ལྷན་དུ་ཀྲུང་གོ་དང་། ཧྥ་རན་སེ། ཡོ་རོབ་བཅས་ཀྱི་འགོ་ཁྲིད་མི་སྣའི་ཕྱོགས་གསུམ་མཇལ་འཛོམས་གནང་བ། /enpproperty-->