(པར་ངོས་དང་པོར་མཐུད)འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་།བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་དང་དོན་དངོས་ཐོག་འཁྱོལ་བ་དང་ཕན་འབྲས་ཐོན་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་འབྱུང་ཁམས་མཐོ་ས་གཏོད་རྒྱུར་གདོང་དམག་ཡག་པོ་ཞིག་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཧོ་ཕུང་། འཇམ་དབྱངས་བློ་གྲོས། དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་རི་ཆུ་ནགས་ཞིང་། མཚོ་ཚེའུ། རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་པས་འབྱུང་ཁམས་འཛུགས་སྐྱོང་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཏེ་གྲུབ་འབྲས་ལ་ཁས་ལེན་བྱེད་འོས་པ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སྔར་བས་ཆ་ཚང་བ་དང་། ཡང་དག་པ། ཕྱོཊ་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་ནས་རྣམ་འགྱུར་བརྟན་པོ་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྱུང་ཁམས་རྨང་གཞི་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་སྟེ།
འབྱུང་རྩ་ནས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། དེ་ཡང་འབྱུང་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་ཐག་ཆོད་པོས་འཁུར་ནས་འབྱུང་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཏེ་ཁུལ་གསུམ་དང་ལམ་ཐིག་གསུམ་གྱི་དབྱེ་འབྱེད་གྲུབ་འབྲས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་པ་དང་།རྣམ་གྲངས་ཁོར་ཡུག་ནང་ཞུགས་འཐུས་ཀྱི་འགག་སྒོ་ནན་པོ་བཟུང་སྟེ་ནུས་ཁུངས་ཟད་གྲོན་ཆེ་བ་དང་། བཙོག་འབུད་མཐོ་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་ནང་འདྲེན་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། དེ་ཡང་རི་ཆུ་ནགས་ཞིང་། མཚོ་མཚེའུ། རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ལྷོ་བྱང་རི་བོ་སྔོ་འགྱུར་དང་། བྱེ་ཐང་ཅན་འགོག་བཅོས། གཙང་པོ་དང་མཚེའུ་གལ་ཆེན་གྱི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོ་སོགས་གཙོ་གནད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་དང་། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ། ཐཱན་འདུས་ཉོ་ཚོང་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས་འབྱུང་ཁམས་ཀྱི་དགེ་མཚན་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བསྒྱུར་དགོས།
ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། དེ་ཡང་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ་ལྷ་སའི་རི་སྔོན་རྒྱུནརིང་གནས་པ་དང་། མཁའ་རླུང་རྒྱུན་རིང་གཙང་མར་གནས་པ། སྔོ་ལྗང་ཆུ་བོ་རྒྱུན་བཞུར་ཐུབ་པ་བཅས་བྱེད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱས་ནས་བཅོས་སྒྲིག་ལས་འགན་གྱི་སྤུས་ཚད་དང་གྲངས་འབོར་འགན་ལེན་གྱིས་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཤུགས་ཚད་ཉུང་དུ་མི་གཏོང་བ་དང་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཁྲོད་འབྱུང་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོས་རིགས་ཁག་ལ་ཞིབ་བཤེར་གནད་ལ་འཁེལ་བ་དང་། བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་པའི་རྣམ་པའི་ཐོག་ནས་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དར་རྒྱས་དང་། གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་། པ་སངས་རྡོ་རྗེ། བློ་བརྟན་བཅས་དང་། གྲོང་ཨུད་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ། རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社