分享按钮

གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱེད་འགོ་ཚུཊ་པ།

ཡུལ་ཁོངས་ཡུལ་སྐོར་འཛུགས་སྐྱོང་ལ་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ནས་ཡུལ་ཁོངས་ཡུལ་སྐོར་འཛུགས་སྐྱོང་ལ་རོགས་རམ་བྱས་ཡོད།གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་སྒྲིག་འཛུགས་བྱས་པ་དང་།གྲོང་ཁྱེར་དོ་དམ་ཅུས་དང་།གྲོང་ཁྱེར་རིག་གནས་ཅུས། ཁྲེང་ཀོན་ཆུས་སོགས་སྡེ་ཚན་མང་པོ་ཞུགས་པའི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་དངོས་སུ་སྤེལ་ཡོད་པ་རེད།ཞིབ་བཤེར་ཚོགས་ཆུང་དང་བཅས་པ་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་དང་།གཡུ་ཐོག་ལམ།བར་སྐོར་ཁྲོམ་གཞུང་སོགས་ཡུལ་སྐོར་བྱེད་མང་བའི་ས་ཁུལ་དུ་བསྐྱོད་དེ་གསོལ་མགྲོན་ཁང་དང་།ཡུལ་སྐོར་ལས་དོན་ཁང་།ཡུལ་སྐོར་པར་ལེན་ཁང་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད་པ་རེད།

ཞིབ་བཤེར་ཚོགས་ཆུང་དང་བཅས་པས་གཙོ་བོ་ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་དང་། ལས་ཞུགས་མི་སྣའི་ཐོབ་ཐང་།ཚད་ལྡན་ངང་གན་རྒྱ་འཇོག་པ་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད།ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཆུང་བ་རྣམས་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་།ཡུལ་སྐོར་ལས་དོན་ཁང་དང་གསོལ་མགྲོན་ཁང་ཁག་གཅིག་གིས་ལས་གཉེར་ཁྱབ་ཁོངས་ལས་བརྒལ་ནས་ཡུལ་སྐོར་པར་ལེན་གྱི་ལས་སྒོ་གཉེར་བ་དུས་ཐོག་ཏུ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་པ།ཡུལ་སྐོར་པར་ལེན་ཁང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དུ་པར་རྒྱག་མཁན་སྒུག་པའི་ཟང་ཟིང་གི་གནས་ཚུལ་ཐོན་པར་རང་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ།སློབ་གསོ་བརྒྱབ་ཀྱང་སྒྱུར་བཅོས་མི་གཏོང་མཁན་ལ་འབྲེལ་ཡོད་ལས་གཉེར་གྱི་ཐོབ་ཐང་མེད་པར་བཟོས་པ་བཅས་བྱས་ཡོད།ཞིབ་བཤེར་བྱེད་རིང་ནུབ་ཁུལ་ཡུལ་སྐོར་ལས་དོན་ཁང་དང་བོད་ལྗོངས་སྤྲིན་འཁོར་ཡུལ་སྐོར་ལས་དོན་ཁང་གིས་དུས་ཡུན་རིང་པོར་སྒྲིག་འགལ་གྱིས་ཚོང་ཁང་བཙུགས་པ་ཤེས་རྟོགས་བྱུང་ནས་འཕྲལ་མར་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་ཡུལ་སྐོར་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་དང་པོའི་རུ་དཔོན་བསོད་རྡོར་གྱིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱ་ཆེད།ང་ཚོས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ནས་ལྔ་གཅིག་རིང་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་།ཡུལ་སྐོར་ལས་དོན་ཁང་གི་ཚད་ལྡན་ངང་གན་རྒྱ་འཇོག་པ་དང་ཡུལ་སྐོར་པར་ལེན་ཁང་གི་ཟང་ཟིང་རྣམ་པར་གཙོ་གནད་དུ་དོ་ཁུར་བྱས་ནས་ཡུལ་སྐོར་ཁྲོམ་ར་རེ་ཟུང་གི་ཟང་ཟིང་ལ་བཅོས་སྒྲིག་ནུས་ལྡན་བྱས་ཡོད་ཅེས་བཤད།

ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་གྱིས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་།ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ།ཡུལ་སྐོར་བའི་ཁེ་དབང་ལ་འགན་ལེན་བྱེད་པ།ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པར་མ་ཟད།ཡུལ་ཁོངས་ཡུལ་སྐོར་འཛུགས་སྐྲུན་བྱ་རྒྱུར་འདེགས་སྐྱོར་གལ་ཆེན་དེ་བས་མཁོ་འདོན་ཐུབ་ཡོད་པ་རེད། སླད་ཕྱིན་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཟའ་འཁོར་རེར་དུས་བཀག་ལྟར་དེ་དང་འདྲ་བའི་མཉམ་འབྲེལ་ཞིབ་བཤེར་བྱས་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཡུལ་སྐོར་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུ་དང་།གྲོང་མི་དང་ཡུལ་སྐོར་བར་དེ་བས་སྤུས་ལེགས་ཀྱི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱེད་འགོ་ཚུཊ་པ། 6 6 拉萨日报藏文 c180593.html 1 ཡུལ་ཁོངས་ཡུལ་སྐོར་འཛུགས་སྐྱོང་ལ་རོགས་རམ་བྱས་པ། /enpproperty-->