ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་ཆས་སོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་ཁུར་ཡོད་ལ་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་སྡོད་དང་དེ་བས་འབྲེལ་བ་ཟབ་པོ་ཡོད་པ་རེད། ཉེ་ཆར།ལོ་ཉི་ཤུའི་མཉམ་གཏོད་ཀྱི་དྲིན་འཇལ་བྱེད་སྒོ།བསམ་སྤྱོད་གཅིག་མཐུན་གྱིས་མངའ་ཐང་རྒྱས་པའི་འབྱུང་འགྱུར་མཉམ་སྤྱོད་བྱེད་ཅེས་གཙོ་དོན་དུ་བྱས་པའི་ལྔ་གཅིག་གི་གཅིག་སྡུད་ཉོ་སྒྲུབ་བྱེད་སྒོ་ལྷ་སའི་ཐེན་ཧའེ་འཛུགས་སྐྲུན་རྒྱུ་ཆ་ཁྲོམ་རར་གཉེར་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དུས་ཡུན་ཉིན་5ཡིན་པ་དང་གྲགས་ཅན་སྤུས་རྟགས་ཁྱོན་57ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚོང་ཟོག་གི་སྣ་ཁ་མང་བ་དང་བཟོ་ལྟ་དཔེ་གསར་མང་པོ་ཡོད་ཅིང་།དེའི་ནང་འཁྲུད་ཁང་གི་ཡོ་ཆས་དང་། པང་ལེབ། ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་ཚོང་ཟོག་ཧ་ཅང་མང་པོ་ཡོད་པ་རེད། བྱེད་སྒོ་དེ་གཅིག་སྡུད་ཉོ་སྒྲུབ་དུས་ཆེན་བརྒྱུད་སྤུས་ཀ་ལེགས་ལ་གོང་ཚད་ཁེ་བའི་ཚོང་ཟོག་སྣ་ཚོགས་མཁོ་འདོན་བྱས་ཡོད་པ་དང་། འཛད་སྤྱོད་ཀྱི་སྒུལ་ཤུགས་གང་ལེགས་བཏོན་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཆེས་ཆེར་འགྲོ་བ། འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ།ལྷ་སའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
ཚོང་ཟོག་ཉོ་བར་ཡོང་མཁན་མང་ཚོགས་ཏུང་ཞའོ་ལི་ཡིས་ད་ཐེངས་ཀྱི་བྱེད་སྒོའི་གཟིགས་སྐྱོང་བྱེད་ཤུགས་ཧ་ཅང་ཆེན་པོའདུག ཡུལ་དངོས་སུ་བྱ་དགའ་འཐེན་པའི་བྱེད་སྒོ་སྤེལ་གྱི་ཡོད་ལ་ལག་རྟགས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པས་བྱེད་སྒོ་དེ་ཧ་ཅང་ཡག་པོ་འདུག བྱེད་སྒོ་སྤེལ་བ་ལས་རང་ཉིད་ཀྱི་དགའ་བའི་ཐོན་རྫས་ཉོ་ཐུབ་པར་མ་ཟད། ང་ཚོའི་དུས་ཆེན་སྐབས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社