分享按钮

གྲོང་ཨུད་ཀྱིས་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ བཀོད་སྒྲིག་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།ཐོན་སྐྱེད་བདེ་འཇགས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་སྔར་བས་ཟབ་ཏུ་གཏོང་བ་དང་། ཉེན་ཁ་སྔོན་འགོག བདེ་འཇགས་ལ་འགན་ལེན།བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་སྟེ། ཐོན་སྐྱེད་བདེ་འཇགས་ཐད་ལྷོད་གཡེང་གཏོང་མི་རུང་བར་ངེས་པར་དུ་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་བྱས་ནས་མཐའ་ཚད་ཀྱི་བསམ་གཞིགས་དང་མཐར་སོན་གྱི་བསམ་གཞིགས་སྔར་བས་བརྟན་དུ་གཏོང་དགོས་པ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་གཏན་འགོག་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་ལས་ཀའི་བྱེད་ཐབས་མུ་མཐུད་ནས་ཞིབ་ཚགས་སུ་གཏོང་དགོས་པ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་དཔལ་འབྱོར་འབབ་འཕར་ཆེད་དུ་མི་དམངས་ཀྱི་ཚེ་སྲོག་གློད་གཏོང་མི་རུང་བ། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་སྔོན་འགོག་སྔོན་ལ་ཐུབ་པ་དང་། བསམ་བློ་སྔོན་ལ་གཏོང་བ། ལས་དོན་སྔོན་ལ་བསྒྲུབ་པ་བཅས་དགོས་པ།ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ།ལས་གྲྭའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་དམ་པོར་བཟུང་ནས་ལས་གྲྭའི་སྤུས་ཚད་ཀྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

གྲལ་བཤེར་མཐར་ཕྱིན་པར་བྱེད་དགོས་པ་སྟེ། ལྷ་སའི་ས་གནས་ཁག་ཏུ་ཆར་པ་མང་པོ་འབབ་པའི་དུས་སུ་སླེབས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ཐོན་མང་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེར་བརྟེན་རིམ་པ་ཁག་དང་ཚན་པ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐད་གྲལ་བཤེར་ཡག་པོ་མ་བྱུང་ཚེ་འགན་འཛོལ་ཡིན་པའི་བླང་བྱ་གཞིར་བཟུང་།གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་དང་། ཁྱབ་ཁོངས་ཁག ས་ཁོངས་ཁག་བཅས་ལ་ཕྱོགས་ཡོངས་དང་། ཞིབ་ཚགས། མཐར་ཕྱིན་པ་བཅས་ཀྱི་ཐོག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ལས་དོན་ཆེན་པོ་ཐེངས་གཅིག་སྤེལ་ནས་ཁྲིམས་འགལ་གྱི་འཛུགས་སྐྲུན་དང་། ཁང་པའི་ཐོག་ནས་ཅ་དངོས་ལྷུང་བ། དེ་བཞིན་འབར་རླངས་བདེ་སྤྱོད་དང་།ཁང་པའི་མཛེས་བཟོ།གློག་སྒུལ་སྦག་སྦག་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གྲལ་བཤེར་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་ཤེས་རྟོགས་དང་མ་ཐོན་པའི་སྔོན་ནས་ཐག་གཅོད་བྱེད་དགོས།

བཅོས་སྒྲིག་ཤུགས་ཆེན་བྱེད་དགོས་པ་སྟེ། གྲལ་བཤེར་བྱས་པའི་གནད་དོན་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་བྱས་ནས་དུས་བཀག་ནང་བཅོས་སྒྲིག་དང་། ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག ཁ་ཆད་གྲོས་མོལ་བྱས་ནས་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་གཅིག་གྱུར་གྱིས་བེད་སྤྱོད་བྱས་ཏེ།མྱུར་ཚད་མགྱོགས་པ་དང་མཐར་ཕྱིན་པའི་ཐོག་ནས་བཅོས་སྒྲིག་གནད་ལ་འཁེལ་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་།ལས་འཛོལ་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱས་ཐོག་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་ཅིག་བསྐྲུན་དགོས།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དར་རྒྱས་དང་། གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་། པ་སངས་རྡོ་རྗེ། བློ་བརྟན་བཅས་དང་།རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180590.html 1 གྲོང་ཨུད་ཀྱིས་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->