ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་དགོང་མོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཁོང་གི་སྐུ་ཟླ་པུའུ་ལི་ཅི་ཐེ་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཕེབས་སྐབས།མ་ཁེ་ལུང་དང་པུའུ་ལི་ཅི་ཐེས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་རེད། དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གཉིས་ཀྱིས་མཉམ་དུ་སྐུ་པར་བསྐྱོན་གནང་བ་རེད།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གདན་ཞུས་ལྟར་གསོལ་སྟོན་ལ་ཞུགས་མཁན་ཧྥ་རན་སེའི་ལས་རིགས་ཁག་གི་སྐད་གྲགས་ཆེ་བའི་འཐུས་མི་དང་ཕན་ཚུན་འཚམས་འདྲི་གནང་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།
གསོལ་སྟོན་ཐོག་ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།མཛེས་སྡུག་ལྡན་པའི་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ལ་སླར་ཡང་འཚམས་འདྲི་ཞུ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། སྲིད་འཛིན་མ་ཁེ་ལུང་སྟངས་དཔྱལ་རྣམ་གཉིས་དང་ཧྥ་རན་སེ་ཕྱོགས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཧྥ་རན་སེ་ནི་དམིགས་བསལ་གྱི་གྲོགས་པོ་ཡིན་པ་དང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社