分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྐབས།

ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་འབྱུང་ཁམས་མཐོ་ས་གཏོད་རྒྱུར་གདོང་དམག་ཡག་པོ་ཞིག་བྱེད་དགོས་པའི་ནན་གསུངས་གནང་བ།

ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་ཚོཊ་འདུར་ཞུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོཊ་ཆུང་གི་ཚོཊ་འདུ་གཙོ་སྐྱོང་གནང་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ལྗོངས་ཏང་ཨུད་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོཊ་ཆུང་གི་ཚོཊ་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྙན་ཞུ་གསན་པ། འདི་ལོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་ཚོཊ་འདུར་ཞུཊ་པ། ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། 6 6 拉萨日报藏文 c180584.html 1 ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་འབྱུང་ཁམས་མཐོ་ས་གཏོད་རྒྱུར་གདོང་དམག་ཡག་པོ་ཞིག་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->