分享按钮

ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཐུན་མོང་ཐོག་གསར་འགོད་པར་ཐུག་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཇལ་མོལ་གནང་རྗེས་གསར་འགོད་པ་དང་ཐུན་མོང་ཐོག་ཐུག་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། སྲིད་འཛིན་མ་ཁེ་ལུང་གི་གདན་ཞུས་ལྟར་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་སླར་ཡང་ཧྥ་རན་སེར་རྒྱལ་དོན་འཚམས་འདྲིར་སླེབས་པར་ང་ཧ་ཅང་དགའ་པོ་བྱུང་། ང་དང་སྲིད་འཛིན་མ་ཁེ་ལུང་གཉིས་ཀྱི་མཇལ་མོལ་ཚོགས་འདུར་གྲུབ་འབྲས་གཡུར་དུ་ཟ་བའི་གྲོས་མོལ་བྱས་ཡོད། ང་ཚོས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བར་ལོ་རྒྱུས་རྩ་ཆེན་དང་། ཐུན་མོང་མ་ཡིན་པའི་རིན་ཐང་། ལས་འགན་གལ་ཆེན་བཅས་ལྡན་པས་ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་རྒྱུན་མཐུད་དབྱུག་པ་ཡག་པོ་བརྒྱུད་སྤེལ་བྱས་ནས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འབྲེལ་དེར་དུས་རབས་ཀྱི་ནང་དོན་གསར་པ་སྤྲད་དེ་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བའི་ལོ་60རྗེས་མའི་རྒྱང་ལམ་གསར་པ་འགོ་འཛུགས་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་སོང་།

ང་ཚོས་གཤམ་གསལ་གྱི་ཕྱོགས་འགའི་ཐད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐག་བཅད་པ་ཡིན།

གཅིག་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་བརྟན་པོ་ཡོང་བར་བྱ་རྒྱུ་ཡིན། སྲིད་འཛིན་མ་ཁེ་ལུང་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་ངས་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཧྥ་རན་སེ་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱ་རྒྱུ་བསྐྱར་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་པོའི་རིམ་པ་མང་བ་དང་ཕྱོགས་མང་པོའི་སྤེལ་རེས་ཐབས་ལམ་ཡག་པོ་སྤྱད་དེ་སྲིད་ཇུས་ཀྱི་ལངས་ཕྱོགས་དུས་ཐོག་ཏུ་འབྲེལ་གཏུགས་དང་མཐུན་སྦྱོར་བྱ་རྒྱུ་ཡིན།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180586.html 1 ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཐུན་མོང་ཐོག་གསར་འགོད་པར་ཐུག་འཕྲད་གནང་བ། /enpproperty-->