ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས(ཤེས་བྱའི་བདག་དབང་ཅུས)ཀྱིས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས“ཤེས་བྱའི་བདག་དབང་ཞབས་ཞུའི་ལེ་དབར་ཁྲི་སྟོང་གི་བྱེད་སྒོ”དང་ཟུང་འབྲེལ་བྱས་ནས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས(ཤེས་བྱའི་བདག་དབང་ཅུས)དང་མཉམ་འབྲེལ་བྱས་ཏེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན།དེ་བཞིན་འགན་བཅོལ་དང་དངུལ་ཁང་སོགས་དངུལ་རྩའི་སྡེ་ཚན་དང་སྒྲིག་འཛུགས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་དང་བླངས་པ་གདན་དྲངས་ནས་རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་ཤེས་བྱའི་བདག་དབང་བརྟག་ཞིབ་དང་འཚམས་འདྲི་བྱེད་པའི་བྱེད་སྒོ་ཁེ་ལས་སུ་སྤེལ་ཡོད།
བརྟག་ཞིབ་ཚོགས་ཆུང་གིས་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་ལས་དོན་ལ་དམིགས་ནས་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་བཀོད་སྒྲིག་ལ་ཡུལ་དངོས་སུ་ཤེས་རྟོགས་བྱས་པ་དང་། ཡུལ་དངོས་སུ་བཞུགས་མོལ་སྤེལ་རེས་བྱས་པ་བརྒྱུད་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་དང་། སྲུང་སྐྱོང་བེད་སྤྱོད་དང་གཉེར་སྐྱོང་གནས་ཚུལ་སོགས་ཀྱི་གནས་ཚུལ་སྐོར་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་ཉན་པ་རེད།
ཕྱིས་འབྱུང་།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཨུད་ཀྱི“ཐོན་ལས་སྟོབས་ཆེན”དང“ཡུལ་ཁོངས་ཡུལ་སྐོར”སོགས་ཀྱི་ལས་དོན་ལ་དམིགས་ཏེ།རྣམ་པ་སྣ་ཚོགས་ཀྱི་གསར་གཏོད་བྱེད་པོའི་ཐད་ཞབས་འདེགས་ཞུ་རྒྱུ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་འཁྲིད་རྒྱུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུ།ཐོན་སྐྱེད་ནུས་ཤུགས་གསར་པ་བཅས་ལ་རམ་འདེགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་དང་གསར་གཏོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།(པ་ཚེ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社