(པར་ངོས་དང་པོར་མཐུད)ཆུ་ཕྲན་གྱི་གཡས་གཡོན་བརྒྱུད་ནས་ཆཊ་པའི་གླིང་གའི་སྦྲ་གུར་ཆེ་ཆུང་མི་འདྲ་སྟེ། སྲོལ་རྒྱུན་གྱི་རས་མཐུག་སྦྲ་གུར་ཡོད་པ་མ་ཟད། ནུས་པ་ཆ་ཚང་བའི་ཤེལ་ཁང་ཡང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟག་གདོང་གྲོང་ཚོར་རྫ་ཆུ་དང་བདེ་སྐྱིད་ནགས་ཚལ་ཞེས་པའི་ཁུལ་གཉིས་སུ་དབྱེ་ཡོད་པར་མ་ཟད་གུར་80ལྷག་ཙམ་ཡོད་པ་རེད། ད་ལོ་སྟག་གདོང་གྲོང་ཚོར་ད་དུང་གླིང་གའི་ས་ཁོངས་སུ་མཛེས་ལྗོངས་གློག་སྒྲོན་100ལྷག་ཙམ་དང་དེ་བཞིན་ཁྱད་ལྡན་གྱི་པར་ལེན་ས་10ལྷག་ཙམ་གསར་བརྗེས་བྱས་ནས་གྲོང་མི་དང་ཡུལ་སྐོར་བས་གླིང་ག་སྐྱིད་པོ་གཏོང་ཐུབ་རྒྱུའི་མྱོང་ཚོར་དེ་བས་ལེཊ་སུ་བཏང་ཡོད་པ་དང་སྦྲཊ།སྟག་གདོང་གྲོང་ཚོས“སྟག་གདོང་གྲོང་ཚོ་དང་། བདེ་སྐྱིད་གླིང་ག གྲོང་གསེབ་སྤྲོ་གསེང་གསོལ་མགྲོན་ཁང་། སྟག་གདོང་ཆུ་ཚན། ཚང་དབྱངས་རྒྱ་ཚོའི་གནའ་ཤུལ་གྱི་གཞིས་རྙིང་། ཉི་མ་ཐང་དགོན་པ”སོགས་ཡུལ་སྐོར་ལམ་ཐིག་བཏོད་ཡོད་པ་རེད།
ལམ་ཐིག་དེ་བརྒྱུད་ནས་གྲོང་མི་དང་ཡུལ་སྐོར་བས་གྲོང་གསེབ་ཀྱི་འཚོ་བ་ཉམས་ལེན་དང་། ས་མཐོའི་ཞིམ་ཟས་མྱོང་རོལ། གྲོང་གསེབ་ཀྱི་གསོལ་མགྲོན་ཁང་དང་གྲོང་གསེབ་ཀྱི་ཆུ་ཚན་སོགས་ལོངས་སྤྱོད་བྱེད་ཐུབ་པར་མ་ཟད། ད་དུང་གནའ་བོའི་གཞིས་ཀའི་རྗེས་ཤུལ་ཡང་རྒྱུས་ལོན་བྱེད་ཐུབ། མིག་སྔར་སྟག་གདོང་གྲོང་ཚོའི་ནགས་ཚལ་གླིང་ག་འཛུགས་སྐྲུན་དང་གཙང་སྦྲའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད་པ་རེད།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་སྟག་གདོང་གྲོང་གསེབ་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཚན་པའི་གཙོ་གཉེར་པ་བཀྲ་ཤིས་ཀྱིས་གསར་འགོད་པར་ང་ཚོས“ལྔ་གཅིག”ངལ་གསོའི་གུང་གསེང་ལ་བསུ་བ་ཞུ་བའི་ཆེད་དུ་གླིང་གར་སྒྱུར་བཀོད་རིམ་སྤོར་དང་ཁྱིམ་ཆས་བརྗེ་བ་སོགས་བྱས་ཡོད། རྒྱ་ཆེའི་འཛད་སྤྱོད་པར་དམིགས་ནས་ལྔ་གཅིག”ངལ་གསོའི་གུང་གསེང་རིང་ང་ཚོས་གཟིགས་སྐྱོང་གི་བྱེད་སྒོ་ཁག་ཅིག་སྤེལ་ཀྱི་ཡོད། དཔེར་ན། གུར་གླ་སྒོར་200ཡན་ཟིན་ཚེ་ཆུ་ཚན་ལ་རིན་སྤྲོད་མི་དགོས་པ་སོགས་ཡིན། རྒྱ་ཆེའི་འཛད་སྤྱོད་པ་རྣམས་སྟག་གདོང་གྲོང་ཚོའི་ཡུལ་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གྲོང་གསེབ་ཀྱི་ཡུལ་ལྗོངས་ཉམས་ལེན་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་ནུས་ལྡན་དང་གྲོང་མི་དང་ཡུལ་སྐོར་བ་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད། ད་ལོ་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་སྟག་གདོང་གྲོང་ཚོའི་གྲོང་གསེབ་ཀྱི་འགྲོ་ལམ་རྒྱ་ཆེར་བཏང་ནས་སྒྱུར་བཀོད་བྱས་པ་རེད། ད་ལྟ་འགྲོ་ལམ་དེ་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། སྒྱུར་བཀོད་བྱས་རྗེས་ཀྱི་འགྲོ་ལམ་ཁོད་སྙོམས་ཤིང་རྒྱ་ཆེ་བ་དང་ལམ་ངོས་དེ་སྔའི་སྨི་4ནས་སྨི་6.5བར་རྒྱ་ཆེར་བཏང་བས་ད་ལྟ་འཁོར་ལམ་གཉིས་ཀྱི་ཐོག་ཏུ་རླངས་འཁོར་ཤར་བགྲོད་བྱེད་ཐུབ་ཀྱི་ཡོད་པ་རེད།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་བྱང་ཕྱོགས་ཚོགས་པའི་གསང་མདའ་གྲོང་ཚོའི་གྲགས་པ་གླིང་ག་ནི་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཐག་ཉེ་ཞིང་། ཆུ་ཁོངས་མུའུ་80དང་ནགས་ས་མུའུ་300ཙམ་ཡོད་པ་དང་། ས་ཁམས་གནས་ཡུལ་ལེགས་པ་དང་ཁོར་ཡུག་མཛེས་པོ་ཡོད་པས་གྲོང་ཁུལ་གཙོ་བོ་དང་བར་ཐག་སྐར་མ་20ཙམ་ལས་མེད་པས་གྲོང་མི་ཚོར་འབྱུང་ཁམས་སྤྲོ་གསེང་དང་རང་བྱུང་ཁམས་དང་གཉིས་སུ་མེད་པའི་སྡོད་སའི་ས་ཆ་ཡག་པོ་ཞིག་མཁོ་འདོན་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ག་དེ་ནི་གསང་མདའ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་ཤིག་ཡིན་ཞིང་། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་གཙོ་བོའི་གུར་ཡིན་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་30དང་སྨི་ངོས་གྲུ་60རིགས་གཉིས་སུ་དབྱེ་ཡོད་ལ་རིན་གོང་སྒོར་400ནས་800བར་ཡིན་པ་དང་། ད་ལོའི་ཟླ་4ཚེས་25ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གསང་མདའ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུའུ་རེན་ཡིན་པའི་སྤེན་པ་ཚེ་རིང་གིས་གསར་འགོད་པར་ད་ཐེངས་གསང་མདའ་གྲོང་ཚོའི་གྲགས་པ་གླིང་ག་བསྐྲུན་པའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ཡོང་འབབ་ལེགས་སུ་གཏོང་ཆེད་ཡིན་པ་དང་།སླད་ཕྱིན་རོལ་རྩེད་སྒྲིག་ཆས་མུ་མཐུད་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)སྣེའུ་གྲོང་ཚོའི་ཉེ་འདབས་ཀྱི་གྲོང་གསེབ་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཁྱད་ཆོས་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་ཞིག་ཆགས་ཡོད། ཉེ་འདབས་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་དང་། ཐུན་མོང་གི་དཔལ་འབྱོར་གྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པ། ཞིང་འབྲོག་པ་ཕྱུག་པོར་འགྱུར་རྒྱུར་གཉིས་ཕན་ཡོང་བ་བཅས་བྱུང་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社