ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་2024ལོའི་དཔྱིད་དུས་སུ་བོད་ལྗོངས་ཀྱི་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཐོན་རྫས་ཀྱི་དངོས་མང་སྟོན་ཚོགས་རང་གྲོང་དུ་འཚོགས་ནས་གྲོང་མི་མང་པོ་ཞིག་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཐོན་རྫས་ལ་མྱོང་རོལ་དང་ཉོ་སྒྲུབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།
གསར་འགོད་པར་བོད་ལྗོངས་ཀྱི་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཐོན་རྫས་ཀྱི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་ནང་མི་ཚོགས་ཀྱིས་ཁེངས་ཤིང་། འགྲེམས་དངོས་ནང་རྩ་ཆེའི་རྡོ་རྗེ་ཕ་ལམ་དང་། མུ་ཏིག གཡང་ཊི་སོཊ་ཀྱི་ནོར་བུའི་རིགས་ཆས་མང་པོ་ཡོད་པར་མ་ཟད།ད་དུང་རི་མོ་དང་།
འཇིམ་བརྐོས། ཐང་ཁ་སོགས་སྒྱུ་རྩལ་ཐོན་རྫས་ཀྱང་མཐོང་རྒྱུ་ཡོད། ནོར་བུའི་རིགས་ཆས་འདི་དག་ལས་བོད་ལྗོངས་ཀྱི་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཕུལ་དུ་བྱུང་བའི་ལག་རྩལ་མཚོན་གྱི་ཡོད་པར་མ་ཟད། བོད་ཀྱི་གཏིང་དཔག་དཀའ་བའི་རིག་གནས་རྒྱུན་འཛིན་བྱས་པ་ཡང་མཚོན་གྱི་ཡོད། ལེང་ཐའོ་ཡིས་ནོར་བུའི་རིགས་ཆས་ཀྱི་ཚོང་བརྒྱབ་ནས་ལོ་10ལྷག་ཙམ་ཕྱིན་ཡོད། ད་ཐེངས་ཆེད་མངགས་ཀོང་ཀྲོའུ་ནས་ད་ཐེངས་ཀྱི་དངོས་མང་སྟོན་ཚོཊ་ལ་ཞུགས་པར་ཡོང་ཡོད། ལེང་ཐའོ་ཡིས་ངས་གཙོ་བོ་ཐའེ་དབན་གྱི་གཟིའི་ཚོང་རྒྱག་གི་ཡོད་ལ།ཚོང་ཧ་ཅང་ཡག་པོ་འདུག་ཅེས་བཤད།
ད་ཐེངས་ཀྱི་དངོས་མང་སྟོན་ཚོཊ་གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཡུས་ཧའེ་ཡིས་དངོས་མང་སྟོན་ཚོགས་རིང་། ང་ཚོས་ད་དུང་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་སྤེལ་ཡོད། དེའི་ནང་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཐོན་རྫས་ཀྱི་གསལ་འབྱེད་དང་དཔྱད་དཔོག་སོགས་ཀྱི་ཚོང་དོན་བྱེད་སྒོ་དང་། དེ་བཞིན་ནོར་བུའི་རིགས་ཆས་སྒྱུ་རྩལ་ཐོན་རྫས་ཀྱི་འཆད་ཁྲིད་དང་། བགྲོ་གླེང་ཚོཊ་འདུ་སོཊ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཡང་ཡོད། དེས་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་ཚང་མར་བོད་ལྗོངས་ཀྱི་ནོར་བུའི་རིགས་ཆས་དང་སྒྱུ་རྩལ་ཐོན་རྫས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་སྦྱིན་པ་དང་སྦྲཊ། ནོར་བུའི་རིགས་ཆས་ཀྱི་ཚོང་པ་དང་། སྒྱུ་རྩལ་པ། མ་འཇོག་མཁན་བཅས་ལ་སྤེལ་རེས་དང་མཉམ་ལས་ཀྱི་སྟེཊ་བུ་ཞིག་ཀྱང་བསྐྲུན་ཡོད།(དཔལ་སྐྱབས་རྒྱལ་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社