(པར་ངོས་དང་པོར་མཐུད)སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱི་གཉེར་དབྱང་ཀྲི་ཁའེ་ཡིས་མིག་སྔའི་བར་སློབ་ཁྲིད་ཁུལ་གྱི་མཛེས་རྒྱན་སྒྲིག་སྦྱོར་གྱི་ལས་གྲྭ་བརྒྱ་ཆ་80ལེགས་གྲུབ་ཟིན་པ་དང་། སྤྱིའི་ངོས་མཉམ་ལས་གྲྭ་བརྒྱ་ཆ་50ལེགས་གྲུབ་ཟིན་པ།ཉལ་ཁང་ཁུལ་གྱི་མཛེས་རྒྱན་སྒྲིག་སྦྱོར་གྱི་ལས་གྲྭ་བརྒྱ་ཆ་50ལེགས་གྲུབ་ཟིན་པ་དང་། སྤྱིའི་ངོས་མཉམ་ལས་གྲྭ་བརྒྱ་ཆ་30ལེགས་གྲུབ་ཟིན་པ་བཅས་བྱུང་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་དེ་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་ལས་ཚབ་འཛུགས་སྐྲུན་བྱེད་མཁན་གྱི་འགན་འཁུར་བ་ལིའུ་ལེ་ཧའོ་ཡིས་སྟོད་ལུང་བདེ་ཆེན་ཆུས་སུ་འགྲོ་འོང་བྱེད་མཁན་ཅུང་མང་བ་དང་། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་དང་གདོང་དཀར་སློབ་ཆུང་གི་སློབ་གནས་ཡོངས་སུ་ཁེངས་ཡོད། སློབ་མ་བསྡུ་དགོས་པ་ཚང་མ་བསྡུ་བའི་རྩ་དོན་གཞིར་བཟུང་། སློབ་ཆུང་ཞིག་གསར་དུ་བསྐྲུན་ནས་སློབ་གནས་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་མཐའ་འཁོར་གྱི་སློབ་མར་སློབ་གནས་1350མཁོ་འདོན་བྱེད་ཐུབ་པས་སློབ་ཞུགས་དཀའ་བ་དང་སློབ་ཞུགས་རྒྱང་ཐག་རིང་བའི་གནད་དོན་ཐག་གཅོད་ཡག་པོ་ཐུབ་རྒྱུ་རེད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社