分享按钮

མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བློ་སེམས་གཅིག་མཐུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

(པར་ངོས་གཉིས་པར་མཐུད)ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་ཤང་ཞའོ་དབྱང་གིས་ང་ཡུན་ནན་ནས་ཡིན་ལ། མིའོ་རིགས་ཡིན། ཐེངས་འདིའི་འགྲན་བསྡུར་གྱིས་ང་ཚོར་རང་ཉིད་ངོམས་པ་དང་རང་ཉིད་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་སྤྲད་བྱུང་ལ།འགྲན་བསྡུར་ནང་ངས་བདམས་ཐོན་པ་མང་པོ་ཞིག་ངོ་ཤེས་བྱུང་བས་ང་ཚོ་ཕན་ཚུན་སྤེལ་རེས་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས་ཡོད།ཐེངས་འདིའི་འགྲན་བསྡུར་བརྒྱུད།ངའི་སྐད་ཆ་ཤོད་པའི་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད་པས་འབྱུང་འགྱུར་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་དང་། འགྲན་བསྡུར་གྱི་ཉིན་དེར་ད་དུང་བོད་ལྗོངས་གུང་གཞོན་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྙན་འཇེབས་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་པ་དང་།མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན།མི་རིགས་མཐུན་སྒྲིལ་མཉམ་འགུལ་གྱི་རོལ་རྩེད་ཆུང་གྲས། མི་རིཊ་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ལག་དེབ་དང་མི་རིཊ་མཐུན་སྒྲིལ་གྱི་དྲན་རྟེན་དངོས་པོ་སྤྲོད་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཡུལ་དངོས་ཀྱི་ལྟད་མོ་བ་མང་པོ་ཞིག་བྱེད་སྒོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་འཕྲོག་པ་དང་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད།

ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་འགན་འཁུར་བ་ཕུར་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།འགྲན་བསྡུར་ཆེན་མོའི་སྤྱི་ཚོགས་ཡོངས་འདེམས་བྱེད་སྒོ་ལས་ཕུལ་བྱུང་བདམས་ཐོན་པ་6མཐའ་མའི་འགྲན་བསྡུར་ནང་ཞུགས་པ་དང་།མཐའ་མའི་འགྲན་བསྡུར་དེ་ཟླ་5ཚེས་23ཉིན་ནས་ཚེས་25ཉིན་བར་ལྷ་སར་སྤེལ་རྒྱུ་ཡིན་ཞིང་།མཇུག་མཐར་སློབ་ཆུང་ཚོགས་ཆུང་དང་།སློབ་འབྲིང་ཚོགས་ཆུང་།གཞོན་ནུ་ཚོགས་ཆུང་སོགས་ཚན་ཁག་5ལས་གྲུབ་པའི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། དྲ་རྒྱའི་བྱ་དགའ་10སྤྲོད་རྒྱུ་ཡིན་ལ། འགྲན་བསྡུར་ཆེན་མོ་གཉེར་བ་བརྒྱུད། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་སྔར་བས་ཁྲིད་སྟོན་བྱས་པ་དང་།རང་རེའི་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་བསམ་པ་ཕྲུ་གུ་ཚང་མའི་སེམས་ལ་འཇགས་པར་བྱས་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-07 6 6 拉萨日报藏文 c180578.html 1 མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བློ་སེམས་གཅིག་མཐུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། /enpproperty-->