(པར་ངོས་གཉིས་པར་མཐུད)གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་གྲོང་ལྷོ་རུ་ཆེན་གྱི་རུ་དཔོན་གཞོན་པ་གྲགས་པ་བསམ་གྲུབ་ཀྱིས་ལྔ་གཅིག་ངལ་གསོའི་གུང་གསེང་ནི་ཚང་མ་ལྷོད་ལྷོད་དང་སྤྲོ་སྣང་ལྡན་པའི་དུས་སྐབས་ཤིག་ཡིན་མོད། འོན་ཀྱང་ང་ཚོ་འགྲིམ་འགྲུལ་ཉེན་རྟོག་པའི་ངོས་ནས་བཤད་ན་ལས་ཀ་སྔར་ལས་ཛ་དྲག་ཏུ་ཕྱིན་ཡོད། ང་ཚོས་རང་ཉིད་ཀྱི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པ་ཤེས་པས་གྲོང་མི་རྣམས་ཀྱི་འགྲོ་སྐྱོད་བདེ་འཇཊ་འགན་ལེན་བྱེད་བཞིན་ཡོད། ལས་ཀ་ཧ་ཅང་དཀའ་ཚེཊ་ཆེ་ཡང་ཚང་མ་བདེ་འཇཊ་ངང་འགྲོ་སྐྱོད་བྱེད་པ་མཐོང་བས་ང་ཚོ་ཧ་ཅང་དགའ་པོ་འདུག་ཅེས་བཤད།
དེ་དང་ཆབས་ཅིག་དྲིལ་བསྒྲཊ་སློབ་གསོ་གཏོང་ཤུཊ་ཆེ་རུ་བཏང་སྟེ། ཁ་ལོ་བར་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བའི་གནོད་འཚེའི་རང་བཞིན་དང་བཅའ་ཁྲིམས་ཀྱི་མཇུག་འབྲས་ཚབས་ཆེན་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་ཁ་ལོ་བར་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་འཛུཊ་པ་དང་།
སྟེས་དབང་གི་བསམ་པ་གཏན་འགོག་བྱས་ཏེ་རང་རྟོཊ་ངང་འགྲིམ་འགྲུལ་བདེ་འཇཊ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་བདེ་འཇཊ་ངང་ཕྱིར་སྐྱོད་བྱེད་དགོས་པའི་བསླབ་བྱ་བྱས་པ་རེད།
གྲཊ་པ་བསམ་གྲུབ་ཀྱིས་ང་ཚོས་ཀྱང་རྒྱ་ཆེའི་ཁ་ལོ་བ་ཚོར་ངེས་པར་དུ་ཡ་རབས་ངང་ཕྱིར་སྐྱོད་བྱེད་དགོས་པ་དང་། བདེ་འཇཊ་ངང་ཕྱིར་སྐྱོད་བྱེད་དགོས་པ། དུས་ཆེན་རིང་ངེས་པར་དུ་འགྲིམ་འགྲུལ་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་ཐུན་མོང་ཐོག་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་འབོད་སྐུལ་བྱས་པ་ཡིན་ཞེས་བཤད།
མཚན་མོ་རིམ་བཞིན་ཇེ་རིང་དུ་སོང་བ་དང་། རླུང་བུ་རིམ་བཞིན་ཇེ་ཆེར་སོང་མོད། འོན་ཀྱང་འགྲིམ་འགྲུལ་ཉེན་རྟོག་པ་ཚོས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་བྱེད་པ་དང་ཁོང་ཚོའི་གཟུགས་བརྙན་དེ་མཚན་མོའི་མུན་ནག་ཁྲོད་ཧ་ཅང་མངོན་གསལ་དོད་པོ་ཡོད། ཁོང་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་རང་ནུས་ལེགས་སྐྱེས་སུ་ཕུལ་བས་ཚང་མ་བདེ་འཇགས་ངང་ཕྱིར་སྐྱོད་བྱ་རྒྱུ་བྱུང་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社