ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་ནུ་དར་རྒྱས་བྱུང་ཚེ་རྒྱལ་ཁབ་དར་རྒྱས་དང་གཞོན་ནུ་སྟོབས་ལྡན་དུ་གྱུར་ཚེ་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་རྒྱུ་རེད། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ཐད་སྡེ་ཁུལ་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ལས་ཀའི་ལྟེ་བར་དམིགས་ཏེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཚོགས་པའི་རྩ་འཛུགས་ཞུགས་པའི་རྣམ་པའི་ཐོག་ནས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་པ་དང་སྡེ་ཁུལ་དང་གཞོན་ནུ་གཉིས་ཕྱོགས་གཉིས་སུ་བསྐྱོད་རྒྱུ་དང་། ཕྱོགས་གཉིས་སུ་ཞབས་ཞུ། ཕྱོགས་གཉིས་སུ་ནུས་པ་འདོན་རྒྱུ་བཅས་མངོན་འགྱུར་བྱུང་ཡོད།
“རྒན་རྒོན་གཅིག་དང་ལོ་ཆུང་བྱིས་པ་གཅིག”ནི་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དམངས་སེམས་དང་འབྲེལ་བ་ཡོད། དོག་སྡེ་ཁྲོམ་གཞུང་གིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”གི་གནད་དོན་ལ་དམིགས་ཏེ། “རྒན་རྒོན་གཅིག་དང་ལོ་ཆུང་བྱིས་པ་གཅིག”ལ་ཞབས་འདེགས་ཞུ་རྒྱུ་དེ་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདོད་ལ་བསྟུན་པའི་དམངས་འཚོའི་ལས་གཞིར་བརྩིས་ནས་གཞོན་ནུ་ཚོགས་མི་སྐུལ་སློང་བྱས་ཏེ་འགན་འཁྲི་འཁུར་རྒྱུ་དང་། “བདེ་སྐྱིད་ཀྱི་སྒོ་རྡུང་བའི”བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས“ལང་ཚོའི་དྲོད་ཚད”ཀྱིས་དམངས་འཚོའི“བདེ་སྐྱིད་ཀྱི་ཚད་གཞི”ཧུར་ཐག་མཚོན་པར་བྱེད་ཀྱི་ཡོད། དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་ཡུལ་མི་ཚེ་རིང་དཀོན་མཆོག་གིས་སྡེ་ཁུལ་གྱི་གཞོན་ནུ་ཚོགས་མི་རྣམས་རྟག་ཏུ་ངའི་ཁྱིམ་དུ་ཡོང་ནས་ང་ཚོའི་འཚོ་བ་དང་ལས་ཀ་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་དང་ཤེས་རྟོགས་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད་པས་ངས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཤེས་རྟོགས་བྱེད་ཚད་མཐོ་རུ་ཕྱིན་ཡོད་པས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
དོག་སྡེ་ཁྲོམ་གཞུང་གིས་གཞོན་ནུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཞོན་ནུའི་བསམ་བློར་སྣེ་ཁྲིད་དང་། སློབ་སྦྱོང་གི་རྣམ་པ་གཏོད་པ། གྲོགས་པོ་སྒྲིག་སྟེགས་གཏོད་པ། བྱེད་སྒོའི་གཞི་རྟེན་ལེགས་སུ་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ནས་གཞོན་ནུའི་ཁྱིམ་ཚང་གི་བྱེད་སྒོའི་དངོས་ཚན་གཡུལ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞོན་ནུ་སྣེ་ཁྲིད་དང་གཅིག་སྡུད་དང་། གཞོན་ནུ་སྒྲིག་འཛུགས་སྐུལ་སློང་། གཞོན་ནུ་དང་འབྲེལ་གཏུགས་སམ་ཞབས་འདེགས་ཞུ་རྒྱུར་གནས་ཡུལ་འགན་ལེན་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་ལས་དོན་མི་སྣ་བསྟན་འཛིན་བྱམས་པས་གཞོན་ནུ་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཤེས་བྱ་གསར་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་པ། རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་དགོས་པར་མ་ཟད། ང་ཚོའི་གསང་ཡིབ་སྡེ་ཁུལ་གྱི་ནུས་མང་བྱེད་སྒོ་ཁང་ཡང་བཙུགས་ཟིན་པ་དང་དེ་བཙུགས་པ་དེས་ང་ཚོར་རིག་གནས་སློབ་སྦྱོང་དང་སྤྲོ་གསེང་རོལ་རྩེད་ཀྱི་སྟེགས་བུ་མཁོ་འདོན་བྱས་ནས་ང་ཚོའི་རིག་གནས་ཆུ་ཚད་སོགས་གོང་མཐོར་གཏོང་བའི་གནས་ཤིག་ཏུ་གྱུར་ཡོད་ཅེས་བཤད།
གཞན་ཡང་། དོག་སྡེ་ཁྲོམ་གཞུང་གིས་རྒྱལ་ཁབ་རིམ་པའི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་པ་གོ་སྐབས་སུ་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་བསྡུ་ལེན་ཧུར་ཐག་བྱས་ཏེ་མི་དམངས་འདུམ་འགྲིག་པའི་དཔུང་ཁག་ཕུན་སུམ་ཚོགས་སུ་གཏོང་བ་དང“སྒྲོལ་མའི་འདུམ་འགྲིག་ཁང”བསྐྲུན་ནས་འགལ་བ་དང་རྩོད་གཞི་གཞི་རིམ་དུ་བསལ་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། མིག་སྔའི་བར་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱས་པའི་གྱོད་གཞི་ཁྱོན་35བདག་སྤྲོད་བྱས་པ་དང་གྱོད་གཞི་34གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་ཡོད།
དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བདེ་འཇགས་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཕན་ཞོ་ཡིས་གོམ་སྟབས་རྗེས་མར་དོག་སྡེ་ཁྲོམ་གཞུང་གིས་རྨང་གཞི་བརྟན་དུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། མཉམ་སྐྲུན་མཉམ་སྐྱོང་གི“དམིགས་ཚད་ཆེན་པོ་གསུམ”ལ་དམིགས་ནས། ཚད་ལྡན་ཅན་དང་། ཞིབ་ཚགས་ཅན། བློ་གྲོས་ཅན། ཁྲིམས་སྐྱོང་ཅན་གྱི“ཅན་བཞི་མཉམ་འདྲེས”ཀྱི་བསམ་བློས་འཐབ་འཛིང་བཙན་རྫོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་། དྲ་མིག་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། དོ་དམ་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། ཚན་རྩལ་ཉེར་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འགོག་སྲུང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི”ལས་གཞི་ཁག་ལྔ་ལག་བསྟར་ཤུགས་ཆེན་བྱེད་པ་དང་། “དཔེ་སྟོན་དང་སྔོན་ལ་བརྩོན་པའི”ལས་ཀའི་ངར་ཤུགས་ལ་བརྟེན་ནས་ལས་ཀའི་དམིགས་ཚད་མཐོ་རུ་གཏོང་བ་དང་ལས་ཀའི་བརྒྱུད་རིམ་སྲ་བརྟན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་སྟེ། གཞི་རིམ་བཅོས་སྐྱོང་སྔར་བས་ནུས་ཆེ་དང་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བ་བྱེད་དགོས་ཞེས་བཤད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社