分享按钮

“ལྔ་གཅིག”རིང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་སློང་འགྲན་ བསྡུར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་ལྗོངས་ཕན་ཧྥུང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་གཉེར་བའི་2024ལོའི་ལྔ་གཅིག་རིང“ཕན་ཧྥུང་ཞའོ་ཅང”ཞེས་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་སློང་འགྲན་བསྡུར་དེ་གཙང་འགྲམ་ལམ་ལུས་རྩལ་སྤྱི་གླིང་གི་རྐང་རྩེད་སྤོ་ལོའི་ར་བར་གཉེར་བ་རེད།

འགྲན་བསྡུར་མ་བྱས་གོང་། རུ་མི་ཆུང་ཆུང་ཚོས་བོད་ལྗོངས་ཕན་ཧྥུང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འགན་འཁུར་བའི་སྣེ་ཁྲིད་འོག འགྲན་བསྡུར་གོང་གི་གྲབས་སྦྱོང་བྱས་པ་རེད། ཁོ་ཚོ་གྲལ་བསྒྲིགས་ནས་རྩལ་ཁྲིད་པའི་བཀོད་འདོམས་འོག་སྤོ་ལོ་མ་བརྒྱབ་གོང་གི་ལུས་སྦྱོང་བྱས་ཤིང་། རུ་མི་ཚོས་རྐང་པ་ཡ་གཅིག་བཀྱག་ནས་མཆོང་བ་དང་།ཁ་བུབ་ལག་བཙུགས་ཀྱི་སྒྲེང་བཀུག་ལུས་རྩལ་སོགས་བརྩེས་ནས་ལུས་ཤུགས་རྒྱས་ཐབས་བྱས་པ་རེད། བདམས་ཐོན་པ་གྲགས་པ་དགའ་བས་ང་ནི་ཕན་ཧྥུང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་ཁོངས་མི་ཞིག་ཡིན། ཐེངས་འདིའི་འགྲན་བསྡུར་ནང་ང་ལ་རྐང་རྩེད་སྤོ་ལོའི་ལག་རྩལ་མང་པོ་ཤེས་བྱུང་ལ།ཁ་གཏད་རུ་ཁག་གི་སྟོབས་ཤུགས་ཀྱང་ཚོར་བྱུང་བས་ཕྱིས་འབྱུང་གི་འགྲན་བསྡུར་ནང་ངས་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤན་འབྱེད་པའི་ཤུ་སྒྲ་གྲགས་པ་དང་བསྟུན་ནས་འགྲན་སྡུར་དངོས་སུ་འགོ་ཚུགས་ཤིང་། རུ་མི་ཆུང་ཆུང་གིས་ལུས་ལ་རུ་ཁག་སོ་སོའི་སྤོ་ལོ་རྒྱག་དུས་ཀྱི་གྱོན་ཆས་གྱོན་ནས་རྐང་རྩེད་སྤོ་ལོའི་ར་བའི་ནང་གང་འདོད་དུ་རྒྱུགས་པ་དང་།སྤོ་ལོ་བརྒྱུད་སྤྲོད་བྱེད་པ།སྤོ་ལོ་སྒོའི་ནང་ལ་བླུག་ཐུབ་པ་བྱེད་པ་སོགས་ཀྱི་འདོན་སྤེལ་རེ་རེའི་ཐོག་ནས་ཁོང་ཚོར་སྤྲོ་སེམས་དང་གསོན་ཤུགས་ཀྱིས་ཁེངས་པ་མཚོན་ཐུབ། ཁོང་ཚོས་མ་གྲོས་གཅིག་མཐུན་གྱིས་གཞོགས་འདེགས་བྱས་ཏེ་ངོ་མཚར་ཆེ་བའི་ཕར་རྒོལ་བྱས་པ་དང་། ཡང་ན་འགོག་སྲུང་ནན་པོ་བྱས་པ།ཕ་རོལ་གྱི་ཚུར་རྒོལ་ལས་རྒྱལ་བར་བྱས་པ་བཅས་ལས་ལྟད་མོ་བའི་དགའ་བསུ་ཐོབ་ཡོད་པ་རེད།

ཁྱིམ་བདག་བཀྲ་ཤིས་དོན་གྲུབ་ཀྱིས་འགྲན་བསྡུར་ལ་ལྟ་སྐབས“ལྔ་གཅིག”གུང་གསེང་རིང་། ཕྲུ་གུ་ཁྲིད་དེ་ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་སློང་འགྲན་བསྡུར་ནང་ཞུགས་པ་དང་། ཁོང་ཚོས་འགྲན་བསྡུར་ནང་འབད་འཐབ་བྱེད་པ་མཐོང་སྐབས་ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཕན་ཧྥུང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་དང་རྩལ་འཁྲིད་པ་ཚང་མས་ཕྲུ་གུ་ཚོར་སྟེགས་བུ་ཡག་པོ་འདི་འདྲ་ཞིག་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་།

འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་སློང་འགྲན་བསྡུར་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་13ནས་ཡོང་བའི་དཔུང་ཁག་30ལྷག་ཙམ་ཞུགས་པ་དང་།ཉིན་གསུམ་བསྟུད་མར་ངོ་མཚར་ཆེ་བའི་འགྲན་བསྡུར་བྱས་པ་རེད།འགྲན་བསྡུར་ནང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་ཕྲུག་ཚུད་ཡོད་པ་དང་།འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་300ཟིན་ཡོད་པ་རེད།

བོད་ལྗོངས་ཕན་ཧྥུང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རྩལ་འཁྲིད་པ་ཀན་ཅ་མུས་ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་སློང་འགྲན་བསྡུར་གྱི་དམིགས་ཡུལ་ནི་ཕྲུ་གུ་ཚོར་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བྱ་བ་དང་སྦྱོང་བརྡར་མཁོ་འདོན་བྱས་ཏེ།ཁོང་ཚོར་སྤོ་ལོ་ཐང་དུ་གསོན་ཤུགས་གང་ཡོད་འདོན་དུ་འཇུག་པ་དང་།རྐང་རྩེད་སྤོ་ལོའི་རྩལ་ནུས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་དང་སྦྲགས།ང་ཚོས་འགྲན་བསྡུར་དེ་ལྟ་བུ་བརྒྱུད་ནས་ཕྲུ་གུ་ཚོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་།ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས།འགྲན་སློང་ལ་ཁ་གཏད་གཅོག་པའི་བློ་སྟོབས་སོགས་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-07 6 6 拉萨日报藏文 c180576.html 1 “ལྔ་གཅིག”རིང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་སློང་འགྲན་ བསྡུར་གཉེར་བ། /enpproperty-->