ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚོགས་ཆུང་གི(རྒྱ་ཆེ)ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བ། རང་ཉིད་ཀྱིས་གསར་བརྗེའི་མིག་དཔེ་དང་སྒྲིག་སྲོལ་བརྩི་སྲུང་གི་ཚད་གཞི་ཧུར་ཐག་འཛིན་རྒྱུའི་སྣེ་ཁྲིད་ལག་ལེན་བསྟར་དགོས་ཞེས་ནན་གསུངས་གནང་བ་རེད།
ཚོཊ་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པས་སློབ་སྦྱོང་དང་སློབ་གསོ་བརྒྱུད“ཕྱི་ཚུལ་རིང་ལུཊ”དང་ལས་ཀའི་ཐབས་ལམ་ཅན་དང་ཕྱི་ཚུལ་ཅན་གྱི་གནད་དོན་ཐག་གཅོད་ཤུཊ་ཆེན་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོཊ་དང་། བསམ་བློའི་རང་རྟོཊ། བྱ་སྤྱོད་ཀྱི་རང་རྟོཊ་བཅས་སུ་དངོས་འབྲེལ་བསྒྱུར་རྒྱུར་ཁྲིད་སྟོན་བྱས་ནས་སྒྲིག་ཁྲིམས་ནན་ཞིང་གསོན་ཤུཊ་ཀྱིས་ཁེངས་པ་དང་། ལས་ཀ་གསར་གཏོད་ཀྱི་ཆབ་སྲིད་འབྱུང་ཁམས་བཟང་པོ་ཞིག་ཆཊ་པར་བྱ་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་རྫོང(ཆུས)དང་། བྱེད་ནུས་གླིང་ཁུལ། ལས་ཀའི་ཆེད་དོན་ཚོགས་ཆུང་ཁག་གིས་གཙོ་གནད་ལས་འགན་ལ་དོ་སྣང་དང་། གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཀྱི་བླང་བྱ་དམ་པོར་འཛིན་རྒྱུར་ཁྲིད་སྟོན་བྱས་ནས་མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཇི་མ་ཇི་བཞིན་དང་ལེའུ་རེ་རེ་བཞིན《སྲོལ་ཡིག》སློབ་སྦྱོང་བྱས་ནས་སློབ་སྦྱོང་དང་སློབ་གསོའི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་སྲ་བརྟན་དུ་གཏོང་བ། ལས་ཀའི་རང་འགུལ་རང་བཞིན་དང་། འཆར་གཞིའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་དང་སློབ་གསོའི་འགུལ་རྣམ་ལ་ལྟ་སྐུལ་དོ་དམ་དང་། ཁྱད་ཆོས་དང་བཀྲག་མདངས་འཚེར་སར་དྲིལ་བསྒྲགས་ཡོང་བར་འགན་ལེན་བྱས་ནས“སློབ་སྦྱོང་དང་། བཀོལ་སྤྱོད། ཞིབ་བཤེར། སྒྲུབ་པ”བཅས་ཀྱི་ལས་ཀའི་ལྷུ་ཚིགས་ཤར་གཏོང་ཐུབ་པ། ལས་ཀའི་སྦྲེལ་ཐག་ཆ་ཚང་ཆགས་པར་བྱས་ཏེ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་དོན་དངོས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
རྫོང(ཆུས)ཨུད་ཁག་གི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་། བྱེད་ནུས་གླིང་ཁུལ་ཁག་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་གྱི་འགན་འཁུར་བ། གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚོགས་ཆུང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社