ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད།ཉིན་ཤས་གོང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ”གཙོ་དོན་དུ་བྱས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡོངས་འདེམས་ཀྱི་བྱེད་སྒོ་དང་བོད་ལྗོངས་གུང་གཞོན་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། དྲ་ཐོག་ནས་མིང་ཐོ་བཀོད་དེ་འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་50(ལོ་ཆུང་ཚོགས་ཆུང་དང་གཞོན་ནུ་ཚོགས་ཆུང)ཡིས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད།བདམས་ཐོན་པ་ཚོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ”ཞེས་པའི་གཏམ་བཤད་ཀྱི་གཙོ་དོན་ལ་དམ་པོར་དམིགས་པ་དང་། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ལྟ་ཕྱོགས་ནས་འགོ་བཙུགས་པ་དང་། གསོན་ཉམས་དོད་པའི་སྐད་ཆ་དང་བརྩེ་བས་ཁེངས་པའི་ཐོག་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་བཞིན་ཤོད་པ་དང་།ཚོན་མདངས་རྣམ་པར་བཀྲ་ཞིང་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་བརྗིད་ཉམས་ལྡན་པའི་རི་མོ་ལྟ་བུ་ཞིག་གྲུབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཚོན་པར་བྱས་ཡོད།པེ་ཅིང་གློག་རྡུལ་ཚན་རྩལ་སློབ་གླིང་གི་སློབ་མ་བསྟན་འཛིན་གཡང་འཛོམས་ཀྱིས་ཐེངས་འདིར་ང་ཆེད་མངགས་པེ་ཅིང་ནས་འགྲན་བསྡུར་ནང་ཞུགས་པར་ཡོང་བ་ཡིན།ངའི་གཏམ་བཤད་ཀྱི་ཁ་བྱང་ནི《མི་རིགས་མཐུན་སྒྲིལ་གྱི་སེམས་པ་ཏང་ལ་ཕྱོགས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ཏེ་འོད་སྟོང་འབར་བའི་མདུན་ལམ་གཏོད་དགོས》ཞེས་པ་དེ་ཡིན། ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ནང་དྲ་ཐོག་ནས་མིང་ཐོ་འགོད་པའི་ཐབས་ལམ་ཤར་གཏོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོ་ལྗོངས་ཕྱིར་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་ཆེན་སློབ་མ་བྱེད་སྒོ་འདིར་ཞུགས་པའི་གོ་སྐབས་ཐེངས་གཅིག་བྱུང་བས་གྲུབ་འབྲས་བཟང་པོ་ཐོབ་ཐུབ་པའི་ཡིད་ཆེས་ཡོད། སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་ངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社