ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “ལྔ་གཅིག”གུང་གསེང་རིང་གྲོང་མི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཕྱིར་བསྐྱོད་དེ་ཐོབ་དཀའ་བའི་སྤྲོ་གསེང་གི་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད།དགའ་སྤྲོ་དང་ལྷོད་གཡེང་གི་དུས་འདིར་རང་གྲོང་གི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་གྲོང་མི་ཕྱིར་སྐྱོད་བདེ་འཇགས་ཡོང་བའི་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
ཟླ་5ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་10པར་གསར་འགོད་པར་གཙང་རལ་ལྷོ་ལམ་དུ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ཐག་གཅོད་ཀྱི་བརྒྱུད་རིམ་དང་ཁྲིམས་འཛིན་གོ་རིམ་ལ་ནན་པོར་གཞིགས་ནས་ཨ་རག་ཉིང་ཁུའི་ཚད་ལེན་དཔྱད་ཆས་དང་། ཁྲིམས་འཛིན་ཟིན་ཐོ་དཔྱད་ཆས་སོགས་སྒྲིག་ཆས་སྤྱད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བར་རེ་རེ་བཞིན་ཞིབ་བཤེར་བྱས་ནས་རླངས་འཁོར་འཕྲད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་སྒྲིག་འགལ་འཕྲད་ཚེ་ངེས་པར་དུ་ཡོ་བསྲང་ཏན་ཏིག་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་རྐྱེན་ངན་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ་དང་།ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ།ར་བཟི་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་ནས་གུང་གསེང་རིང་གི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社