“ལྔ་གཅིག”གུང་གསེང་རིང་། ཉི་འོད་རབ་ཏུ་འཚེར་བས་ཕྱི་ལ་ཡུལ་སྐོར་དུ་འགྲོ་བ་དང་དགའ་ཉེ་སྤུན་མཆེད་མཉམ་འཛོམས་བྱེད་པ་ནི་གདམ་ག་ཡག་ཤོས་ཤིག་ཏུ་གྱུར་ཡོད། གྲོང་མི་དང་ཡུལ་སྐོར་བས་དགའ་སྐྱིད་ལྡན་པའི་དུས་ཆེན་གཏོང་བར་འགན་ལེན་བྱ་ཆེད། གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཀྱི་ལྷ་སའི་སྐྱིད་ཆུའི་ལྷོ་ངོཊ་ཀྱི་དམངས་ཕན་ཉེན་རྟོག་ས་ཚིཊ(གཤམ་དུ་ལྷ་སའི་སྐྱིད་ཆུའི་ལྷོ་ངོཊ་ཀྱི་དམངས་ཕན་ཉེན་རྟོག་ས་ཚིཊ་ཞེས་བསྡུ་རྒྱུ)ཀྱི་ལས་མི་ཡོངས་ལས་གནས་སུ་བསྡད་དེ་ལས་ཀའི་སྤྱོད་ཚུལ་དང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་ལས་གནས་བརྟན་པོར་བསྲུངས་ཏེ་འགྲིམ་འགྲུལ་སྣེ་ཁྲིད་དང་། སྐོར་ཞིབ་འགོག་བཅོས། རྩོད་གཞི་སེལ་བ་སོཊ་ཀྱི་ལས་དོན་ལ་ཤུཊ་སྣོན་བརྒྱབ་ནས་གྲོང་མི་དང་ཡུལ་སྐོར་བར་བློ་བདེ་དང་བག་ཕེབས་པའི་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བསྐྲུན་ཡོད།
ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་ཀྱི་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་ཀྲན་ཀྲང་ཡའོ་ཆིང་སུང་ཉེན་རྟོག་པའི་ལས་གནས་སུ་ཞུགས་ནས་ལོ་ངོ་14སོང་རིང་། ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་གནང་ཡོད། ཁོང་གི་དགའ་རོགས་ཀྱང་ཉེན་རྟོག་པ་ཞིག་ཡིན་པས་དུས་རྒྱུན་གྱི་དུས་ཆེན་དང་གུང་གསེང་རིང་ལས་གནས་བརྟན་སྲུང་བྱེད་དགོས་པས་ཁྱིམ་ཚང་ཆུང་ཆུང་བློས་བཏང་སྟེ་ཚང་མའི་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་བཞིན་ཡོད། ཉིན་ཤས་གོང་། གསར་འགོད་པར་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་ཀྱི་དམངས་ཕན་ཉེན་རྟོག་ས་ཚིགས་ནས་ས་ཚིགས་དེས“ལྔ་གཅིག”གུང་གསེང་རིང་གི་བདེ་འཇགས་སྐོར་ཞིབ་ཀྱི་ལས་དོན་ལ་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱེད་བཞིན་ཡོད་པ་མཐོང་ཡོད། ལྷོ་བྱང་རི་བོའི་སྤྱི་གླིང་དང་རིག་གནས་བློ་གསར་གླིང་ཁུལ་དུ་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ་རང་འགུལ་ངང་རོགས་རམ་བྱས་ནས་ཐོལ་བྱུང་གི་དོན་རྐྱེན་སྣ་ཚོཊ་ཐག་གཅོད་བྱེད་དགོས་པ་དང་། གུང་གསེང་རིང་གི་སྤྱི་ཚོཊ་ཀྱི་སྐོར་སྲུང་དང་། བདེ་འཇགས་དོ་དམ། མཛེས་ལྗོངས་ཁུལ་གྱི་བདེ་སྲུང་། ཤར་གཏོང་འགན་ལེན། དཔུང་ཁག་དོ་དམ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གྲོང་མི་རྣམས་ལ་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི“ལྔ་གཅིག”གི་གུང་གསེང་ཞིག་རོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་ཉེན་རྟོག་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཀྲང་ཧྲི་ཅེ་ཡིས་ལྷོ་བྱང་རི་བོའི་སྤྱི་གླིང་དུ་ཡུལ་སྐོར་བ་རིར་འཛེགས་སྐབས་ཡུལ་སྐོར་བ་འགའ་ཤས་ཀྱི་རྐང་པར་རྨས་སྐྱོན་ཕོག་གི་ཡོད་པས་ང་ཚོས་ཁོང་ཚོར་སྐྱོབ་བཅོས་བྱེད་ཀྱི་ཡོད། “ལྔ་གཅིག”གུང་གསེང་རིང་ང་ཚོ་དམངས་ཕན་ཞབས་ཞུ་ས་ཚིགས་ཀྱི་ལས་མི་ཡོངས་ཀྱིས་རྒྱུན་གཏན་བཞིན་ལས་གནས་བརྟན་པོར་བསྲུངས་ནས་མི་དམངས་ཀྱི་དཀའ་ངལ་སྣ་ཚོགས་སེལ་རོགས་བྱས་ཡོད་ཅེས་བཤད།
ཟླ་4ཚེས་30ཉིན་གྱི་ཆུ་ཚོད་12མཚམས་སུ་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་ཀྱི་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱིས་བཀོད་འདོམས་ལྟེ་གནས་ཀྱི་ལས་འགན་དང་ལེན་བྱས་ཏེ་ན་ནིང་ཟླ་5ཚེས་17ཉིན་ལྷོ་ཁའི་ལས་ཡུལ་ག་གེ་མོ་ཞིག་ཏུ་ཨར་ལས་བྱེད་སྐབས་གློ་བུར་དུ་བརྡབས་ནས་རྨས་སྐྱོན་ཆེན་པོ་ཕོག་པའི་བཟོ་པ་ལིའུ་ཆེ་གེ་མོ་ནི་ཧྲེན་ལི་ཡི་སྡེ་ཁུལ་ག་གེ་མོའི་ཐོག་ཁང་དྲུག་པའི་ཐོག་སོ་བརྒྱད་པར་ཡོད། མིག་སྔའི་བར་སྨན་ཁང་དུ་སྡོད་པའི་གྲོན་དངུལ་དང་། སྨན་བཅོས་གྲོན་དངུལ། གཤགས་བཅོས་སོགས་ཀྱི་འགྲོ་སོང་སྒོར་ཁྲི་8ལྷག་ཙམ་ཟིན་ཡོད་མོད། འོན་ཀྱང་འབྲེལ་ཡོད་ཀྱི་ལས་རྨས་སྐྱིན་ཚབ་འཇལ་དངུལ་དང་སྨན་བཅོས་འགྲོ་གྲོན་སོགས་ཀྱི་ཐད་འགན་འཁུར་མཁན་བྱུང་མེད། ལས་གྲྭ་ལས་མཇུག་འགྲིལ་བ་དང་ངལ་ལས་ཀུང་སི་ལས་ཡུལ་ནས་ཕྱིར་འཐེན་བྱས་པས་ལིའུ་ཆེ་གེ་མོས་ངལ་ལས་ཀུང་སིའི་འགན་འཁུར་བ་དང་འབྲེལ་གཏུགས་བྱེད་ཐུབ་མེད། ག་བྱེད་འདི་བྱེད་མེད་པར་གྱུར་བའི་མཚམས་སུ་ལྷ་སའི་རྣམ་གྲངས་ཐོན་འབྱེད་ཚོང་པའི་སར་གནས་ལུགས་རྒྱུ་མཚན་ཤོད་པར་མི་འགྲོ་ཀ་མེད་བྱུང་ཡོད། མི་དམངས་ཉེན་རྟོག་པས་རྣམ་གྲངས་གསར་སྤེལ་གྱི་འགན་འཁུར་བ་དང་འབྲེལ་བ་ཧུར་ཐག་བྱས་ཏེ་གྱོད་གཞིའི་ཆ་འཕྲིན་གསེད་བཀྲོལ་དང་གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་ཐད་ཞིབ་བསྡུར་བྱས་པར་མ་ཟད། འགན་གཙང་ལེན་མཁན་བོད་ལྗོངས་ངལ་ལས་ཚད་ཡོད་ཀུང་སི་ག་གེ་མོའི་འབྲེལ་ཡོད་འགན་འཁུར་བ་དང་འབྲེལ་བ་བྱས་ཏེ་ལིའུ་ཆེ་གེ་མོའི་ལས་རྨས་སྐྱིན་ཚབ་འཇལ་དངུལ་དང་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སོགས་ཀྱི་དོན་དག་ཐད་དོ་བདག་ཕྱོགས་གསུམ་གྱིས་སྔོན་འགྲོའི་གྲོས་མོལ་བྱས་པ་དང་འབྲེལ་འཚོ་བའི་འགྲོ་གྲོན་སྒོར་5000སྔོན་ལ་སྤྲད་ཡོད།
ཡའོ་ཆིང་སུང་གིས“ལྔ་གཅིག”གུང་གསེང་རིང་། ང་ཚོའི་དམངས་ཕན་ཉེན་རྟོག་ས་ཚིཊ་ཀྱི་ལས་མི་ཡོངས་ཀྱིས་ཆུ་ཚོད་24རིང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོཊ་ཀྱི་འགྲོ་སྐྱོད་ཀྱི་བདེ་འཇཊ་ལ་སྲུང་སྐྱོང་བྱས་ཏེ་ཁོངས་གཏོཊ་ཁུལ་གྱི་མི་དམངས་མང་ཚོགས་ལ་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社