分享按钮

སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་སྔོན་དཔག་བྱས་ན་ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁོངས་གཏོགས་ཁུལ་གྱི་སློབ་ལོ་རན་པའི་ཕྲུ་གུའི་སློབ་ཞུགས་ཀྱི་དགོས་མཁོ་ནུས་ལྡན་ངང་སྐོང་བ་དང་གྲོང་ཁུལ་གྱི་སློབ་ཞུགས་དཀའ་བའི་གནད་དོན་སེལ་ཆེད། 2022ལོའི་ཟླ་11པར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། མིག་སྔར་རྣམ་གྲངས་དེའི་ལས་གྲྭའི་བསྡོམས་འབོར་གྱི་བརྒྱ་ཆ་90ལེགས་གྲུབ་ཟིན་པ་དང་། ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད། དེས་མཐའ་འཁོར་གྱི་སློབ་མར་བདེ་འཇགས་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་མཁོ་འདོན་ཐུབ་རྒྱུ་རེད།

ད་ལོའི་ཟླ་3ཚེས་7ཉིན་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལས་འགོ་བསྐྱར་ཚུགས་བྱས་ཡོད། རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱས་པ་ནས་བཟུང་། ཨར་ལས་ཀྱི་བདེ་འཇགས་དང་ཨར་ལས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་འགན་དམིགས་ཚད་ལ་དོ་སྣང་ནན་པོ་བྱེད་པ་དང་ལས་ཡུན་ཕྱིར་ལྡོག་བྱས་ཏེ། དུས་ཚོད་ཀྱི་མཚམས་ཚིགས་ལ་གཞིགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གསར་འགོད་པར་ཨར་ལས་བྱ་ཡུལ་ནས་རྣམ་གྲངས་དེར་སློབ་ཁྲིད་ཁུལ་དང་ཉལ་ཁང་ཁུལ་ཁག་གཉིས་སུ་དབྱེ་ཡོད་པ་དང་། ཨར་ལས་གཙོ་བོ་ན་ནིང་ལེགས་གྲུབ་བྱུང་བ་དང་འབྲེལ་སྔ་རྗེས་སུ་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་ཤེས་རྟོཊ་བྱུང་ཡོད། ཡུལ་དངོས་སུ་ཨར་ལས་པ་120ཙམ་གྱིས་གོ་རིམ་ལྡན་པའི་ངང་མཛེས་བཟོའི་ལས་དོན་སྤེལ་བཞིན་ཡོད་པ་དང་རྐོ་འདྲུའི་འཕྲུལ་འཁོར་དང་ལམ་གནོན་འཕྲུལ་འཁོར་སོཊ་བཟོ་སྐྲུན་འཕྲུལ་ཆས་ཆེ་གྲས་ཀྱིས་སའི་ཁོད་སྙོམས་པ་སོཊ་ཀྱི་ལས་ལ་བྲེལ་བཞིན་ཡོད་པས་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-07 6 6 拉萨日报藏文 c180563.html 1 སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་སྔོན་དཔག་བྱས་ན་ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ། /enpproperty-->