分享按钮

ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་གྲོང་གསེབ་ཀྱི་ཉེ་འདབས་ཡུལ་སྐོར་རྩེ་གྲ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་འཆང་བའི་འདུན་པ་དང་བསྟུན་ནས་ས་ཁོངས་ཀྱི་དགེ་མཚན་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཉེ་འདབས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏོད་ནས་རྨང་གཞིའི་ཞན་ཆ་ཟམ་མི་ཆད་པར་གསབ་པ་དང་སྤྲོ་གསེང་གི་ལས་རིགས་ཕུན་སུམ་ཚོགས་སུ་བཏང་སྟེ།ཡུལ་སྐོར་ལམ་ཐིག་སྤུས་ལེགས་བཏོད་དེ་གྲོང་མིའི་སྤྲོ་གསེང་རོལ་རྩེད་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱས་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་མགྱོཊ་སུ་འགྲོ་རྒྱུར་རོགས་རམ་བྱས་པ་རེད།

ལྷ་ས་དང་བར་ཐག་སྤྱི་ལེ་18ཡོད་པའི་སྟག་གདོང་གྲོང་ཚོ་ནི་བོད་ཀྱི་སྲུང་སྐྱོབ་ཆ་ཚང་ཤོས་ཀྱི་ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོ་ཞིག་ཡིན་ལ་ལྷ་ས་དང་བར་ཐག་ཉེ་ཞིང་སྐད་གྲགས་ཆེ་བའི་དྲ་ཐོག་ཏུ་མིང་གྲགས་ཡོད་པའི་གྲོང་ཚོ་ཞིག་ཀྱང་ཡིན། དཔྱིད་དུས་ཀྱི་ཟླ་བཞི་པར་སྟག་གདོང་གྲོང་ཚོར་སླེབས་དུས། མིག་ལམ་དུ་འཆར་འོང་བ་ནི་སྔོ་ལྗང་དུ་གྱུར་པའི་ཤིང་སྡོང་དང་། དྭངས་ཤིང་གཙང་བའི་རྫ་ཆུ་ཤག་ཤག་ངང་གྲོང་ཚོ་བརྒྱུད་ནས་བཞུར་བཞིན་ཡོད། གནའ་བོའི་གཞིས་ཀ་དང་། ཆུ་ཕྲན། ནགས་ཚལ། རི་ཚོགས་བཅས་ཀྱིས་གྲོང་ཚོ་སྔར་བས་མཛེས་རྒྱན་སྤྲས་ཤིང་ཁོ་ར་ཁོར་ཡུག་ཐམས་ཅད་ཡིད་དུ་འོང་བས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་སྤྲོ་གསེང་དུ་ཡོང་གི་ཡོད། བུ་མོ་དབྱང་ལགས་ཀྱིས་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་བཟའ་བཏུང་དང་རོལ་རྩེད་ཀྱི་ཚོང་ལས་གཉེར་གྱི་ཡོད། ལྔ་གཅིག་རིང་ལས་བཟོ་རྣམས་ཀྱི་ལུས་སེམས་ལྷོད་ལྷོད་ཡོང་བ་དང་ལས་དོན་སྔར་བས་ལེགས་སུ་འགྲོ་ཆེད་ལས་མཚམས་བཞག་སྟེ་ཕྱིར་རོལ་ཏུ་ཕྱིན་ནས་ལས་མི་མཉམ་འཛོམས་ཀྱི་བྱེད་སྒོ་འདི་སྤེལ་བ་རེད།

བུ་མོ་དབྱང་ལགས་ཀྱིས་ང་ཚོ་ལོ་ལྟར་གླིང་ག་གཏོང་བར་འགྲོ་བཞིན་ཡོད། དེ་གར་ཁོར་ཡུག་ཧ་ཅང་སྐྱིད་པོ་ཡོད་ལ་རོལ་རྩེད་ཀྱི་སྒྲིག་ཆས་ཀྱང་ཆ་ཚང་པོ་ཡོད་པས་ལས་མི་ཚོ་དེ་གར་འགྲོ་རྒྱུར་དགའ་པོ་ཡོད་ཅེས་བཤད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-07 6 6 拉萨日报藏文 c180562.html 1 ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་གྲོང་གསེབ་ཀྱི་ཉེ་འདབས་ཡུལ་སྐོར་རྩེ་གྲ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་རོགས་རམ་བྱས་པ། /enpproperty-->