分享按钮

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་བློན་ལ“རྒྱ་སྐད་ཡག་པོ་ཤོད་ཀྱི་འདུག”ཅེས་བསྔགས་བརྗོད་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སིར་ཕེབས་འབྱོར་ཟིན་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

ཕ་རི་སིའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཧྥ་རན་སེའི་སྲིད་བློན་ཨ་ཐའར་སོགས་དང་སྲིད་གཞུང་གི་མཐོ་རིམ་འཐུས་མིས་གནམ་གྲུའི་སྐས་ལམ་གྱི་འགྲམ་དུ་བསྒུགས་ནས་བསྡད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུའི་གྲུ་ཚང་ལས་ཕྱིར་ཐོན་ཏེ་བསུ་བར་ཡོང་བའི་མི་རྣམས་ལ་ཕྱག་གཡུག་གནང་ནས་འཚམས་འདྲི་གནང་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གནམ་གྲུའི་སྐས་ཐོག་ནས་འབབ་སྐབས་སྲིད་བློན་ཨ་ཐའར་མདུན་དུ་བཅར་ནས་བསུ་བ་བྱས་པ་དང་། སྲིད་བློན་ཨ་ཐའར་གྱིས“ཁམས་བཟང”ཞེས་རྒྱ་སྐད་ཀྱི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།

སྲིད་བློན་ཨ་ཐའར་གྱི་ཕེབས་རོགས་འོག་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ས་གདན་དམར་པོ་བརྒྱུད་ནས་མདུན་ཕྱོགས་སུ་བསྐྱོད་པ་དང་གུས་ཞབས་དམག་རྣམས་ས་གདན་དམར་པོའི་གཞོཊ་གཉིས་སུ་བང་བསྒྲིགས་ནས་ཡོད།

སྲིད་བློན་ཨ་ཐའར་གྱིས་འགྲོ་ཞོར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཞལ་བརྡ་གནང་བཞིན་རླངས་འཁོར་གྱི་འགྲམ་དུ་ཕེབས་སྐྱེལ་ཞུས་པ་རེད།

ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ངས་གྲོས་ཁང་གི་འཐུས་མིའི་འགན་འཁུར་བའི་སྐབས་སུ་ཀྲུང་གོར་འགྲོ་མྱོང་ཡོད་ཅེས་བཤད།

སྲིད་བློན་ཨ་ཐའར་གྱིས་ངས་ལོ་གཅིག་རིང་རྒྱ་ཡིག་སྦྱངས་མྱོང་ཡོད་ཅེས་བཤད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཁྱེད་ཀྱིས་རྒྱ་སྐད་ཡག་པོ་ཤོད་ཀྱི་འདུག་ལ་ཚད་ལྡན་ཡང་རེད། ཁྱེད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུ་ཞེས་གསུངས་པ་རེད།(ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ)(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-07 6 6 拉萨日报藏文 c180564.html 1 ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་བློན་ལ“རྒྱ་སྐད་ཡག་པོ་ཤོད་ཀྱི་འདུག”ཅེས་བསྔགས་བརྗོད་གནང་བ། /enpproperty-->