ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་3ཉིན། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་རུ་སྣེ་ཁྲིད་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བདེ་འཇགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།
དགྲ་འདུལ་དང་བཅས་པ་ཡུལ་དངོས་སུ་རྒྱ་མ་ཤང་གོ་ལང་ནང་གཏེར་སྙིགས་མཛོད་ཀྱི་འབྲུབ་དུས་ཨར་ལས་བྱ་ཡུལ་དང་། རྒྱ་མ་ལུང་ཤུར་གཏེར་སྙིགས་མཛོད། བདེ་ཆེན་ཕུ་གཏེར་སྙིགས་མཛོད་དང་དུས་མཚམས་གཉིས་པའི་བཟོ་གྲྭ་འདེམས་པའི་ཨར་ལས་བྱ་ཡུལ་སོགས་སུ་གཟིགས་སྐོར་གནང་བ་རེད། དགྲ་འདུལ་གྱིས་ཁེ་ལས་ཀྱིས་ཨར་ལས་ཀྱི་མྱུར་ཚད་དང་། བདེ་འཇགས་དོ་དམ། མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་ནན་ཏན་གྱིས་གསན་ཏེ་ཁེ་ལས་ཀྱིས་ཆོག་མཆན་བཀོད་པའི་ཇུས་འགོད་ལྟར་ཨར་ལས་ནན་པོ་བྱེད་དགོས་པ་དང་། ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ཕྱིར་ལྡོག་དང་། མྱུར་ཚད་མགྱོགས་སུ་བཏང་སྟེ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
དགྲ་འདུལ་གྱིས་ནན་གསུངས་གནང་དོན། གཅིག་ནི་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་། དམར་ཐིག་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། མཐའ་ཚད་ཀྱི་བསམ་གཞིགས་བརྟན་པོར་བྱེད་རྒྱུ། གཏེར་རི་དང་གཏེར་སྙིགས་མཛོད་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཁག་དམ་འཛིན་ནན་པོ་དང་ཞིབ་ཕྲའི་སྒོ་ནས་དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་གཙོ་གནད་རྣམ་གྲངས་དང་། གཙོ་གནད་ཁྱབ་ཁོངས། འགག་རྩའི་ལྷུ་ཚིགས་བཅས་ཀྱི་ཐོན་སྐྱེད་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་ཤུགས་ཆེན་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་སྔོག་འདོན་ར་བ་དང་། གཏེར་སྙིགས་མཛོད། སྐྱེལ་འདྲེན་མཐོར་འདེགས། རྣམ་གྲངས་ཨར་ལས་བྱ་ཡུལ་བཅས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མངོན་མེད་རྐྱེན་ངན་མ་བྱུང་གོང་ནས་མེད་པར་བཟོ་དགོས། བཞི་ནས་འཕྲལ་སྡོམ་ལས་རེས་དང་། སྐོར་ཞིབ་དང་སྙན་སེང་ཞུ་བའི་ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་དངོས་ཟོག་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ནང་སྦྱོང་སྒྲིག་འཛུགས་ནན་ཏན་བྱས་ནས་འཕྲལ་སྡོམ་དཔུང་ཁག་གི་གློ་བུར་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། ལྔ་ནས་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་གོ་སྐབས་སུ་བཟུང་སྟེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཙོ་གནད་ལ་བརྟག་དཔྱད་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། དམིགས་འབེན་གྱི་ཕྱོགས་སྟོན་དང་མཇུག་འབྲས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཡུན་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་གཏེར་རིའི་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་གནས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མལ་གྲོ་གུང་དཀར་རྫོང་གི་འགོ་ཁྲིད་གཙོ་བོ་ལྷན་དུ་ཕེབས་ཡོད་པ་རེད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社