分享按钮

དབྱིངས་ཞུགས་རྣམ་པའི་ཚོང་ལས་ཁྲོམ་གཞུང་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་བརྒྱུད་འཛད་སྤྱོད་པ་དེ་བས་མང་བས་ང་ཚོའི་ཐོན་རྫས་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་དང་དུས་མཚུངས་ང་ཚོའི་ཐོན་རྫས་ཀྱིས་སྐུ་མགྲོན་ལ་ཞབས་འདེགས་ཞུ་ཐུབ་པ་དང་ཚང་མས་ཟས་མཆོག་གི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་གིས“གཙོ་དོན་ཁྲོམ་གཞུང+དབྱིངས་ཞུཊ་རྣམ་པའི་ཉམས་ལེན”གཙོ་བོར་བྱས་ནས་རྒྱལ་སྤྱིའི་རྒྱས་སྤྲོས་དངོས་རྫས་དང་། རྩེར་སོན་གྱི་བཟའ་བཏུང་། སྤྲོ་གསེང་རོལ་རྩེད་སོགས་སྣ་མང་གཞི་གཅིག་ཏུ་འདུས་པར་བྱས་ཐོག་མཚན་མོའི་གསོལ་སྟོན་དང་མཚན་མོའི་ཉོ་སྒྲུབ་སོགས་སྣ་མང་གི་མཚན་མོའི་དཔལ་འབྱོར་གཏོད་དེ་མཚན་མོའི་འཚོ་བའི་སྤུས་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་བ་དང་།ལྷ་སའི་མཚན་མོ་འཁྲུག་ཆ་དོད་དུ་བཏང་ཡོད་པ་དང་སྦྲགས།རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་ཀྱི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པ་དང་སྤྲོ་གསེང་རོལ་རྩེད་ཁྲོད་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་བྱས་ཡོད།

གྲོང་མི་ཧོང་ལགས་ཀྱིས་ངས་དྲ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭ་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མི་ཉུང་བ་ཞིག་མཐོང་བྱུང་། ལྔ་གཅིག་གི་ངལ་གསོ་དང་བསྟུན་ནས་འདི་གར་ཡོང་བ་ཡིན། ཟས་མཆོག་ཁྲོམ་གཞུང་དུ་ཞིམ་ཟས་ཀྱི་སྣ་ཁ་མང་པོ་ཡོད་པ་མ་ཟད། བྲོ་བའང་ཧ་ཅང་ཡག་པོ་འདུག ང་ཚོ་བྱེད་སྒོ་སྣ་ཚོགས་ནང་ཞུགས་པས་བྱ་དགའ་ཡང་མང་པོ་རག་བྱུང་། སླད་ཕྱིན་དུས་ཚོད་ཡོད་ཚེ་ད་དུང་འདི་གར་ཡོང་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཚན་མོའི་དཔལ་འབྱོར་ཁུལ་གཏོད་རྒྱུའི་ལས་དོན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱས་ནས“ཁ་ལག་དང་། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”སོགས་དབྱིངས་ཞུགས་རྣམ་པ+མཉམ་འགུལ་རྣམ་པར་དམིགས་ཏེ་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་ཧུར་ཐག་གཏོད་ནས་འཛད་སྤྱོད་ཚོགས་སྤྱིའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱས་པ་དང་། མཚན་མོའི་དཔལ་འབྱོར་དྲ་ཐོག་གི་གྲགས་ཅན་མི་སྣ་ཚང་མ་ཡོང་སའི་ས་ཆ་རིམ་བཞིན་བཏོད་པ། མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ནས་ལྷ་སའི“ས་མཐོའི་ཟས་མཆོག་གི་གནས་ས”ཞེས་པའི་གྲོང་ཁྱེར་གྱི་མིང་བྱང་རྒྱུན་ཆད་མེད་པར་བཏོད་ཡོད་པ་རེད།

གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཤོན་གྱིས་ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་འགོ་ཚུགས་པའི་མཛད་སྒོ་བདེ་བླག་ངང་གཉེར་བ་དང་ཟས་མཆོག་འདི་ཉིད་གཙོ་བོར་བྱས་ནས་རིག་གནས་དང་། ཚོང་ལས། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མཚན་མོའི་དཔལ་འབྱོར་ཡང་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པར་གྱུར་ཡོད། མིག་སྔར་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གིས《མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དངོས་སུ་པར་འགྲེམས་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་ཁྲོམ་རའི་བྱེད་པོ་ཁག་གིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚ་རླབས་དམ་པོར་བཟུང་ནས་འཛད་སྤྱོད་ཀྱི་རྣམ་པ་ཧུར་ཐག་གཏོད་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ། རྒྱུན་ཆད་མེད་པར་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་བཅས་བྱས་ཏེ་ཉི་འོད་གྲོང་ཁྱེར་གྱི་རྣམ་པ་ལོངས་སུ་སྤྱོད་རྒྱུ་དང་ཆབས་ཅིག་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 6 6 拉萨日报藏文 c180553.html 1 དབྱིངས་ཞུགས་རྣམ་པའི་ཚོང་ལས་ཁྲོམ་གཞུང་གསར་པ་བཏོད་པ། /enpproperty-->