(པར་ངོས་དང་པོར་མཐུད)《དུས་རབས་གསར་པའི་བསྟོད་གླུ》ཞེས་པའི་གླུ་གཞས་སོགས་ངོ་མཚར་ཆེ་བའི་ལེ་ཚན་ཐོག་ནས་ལྷ་སའི་གཞོན་ནུའི་ངར་སྟོབས་ཡར་རྒྱས་ཀྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད།
འཁྲབ་སྟོན་ཧྲིལ་པོའི་གཙོ་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། སྤྲོ་སེམས་རབ་ཏུ་འཕེལ་བ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་མཐུན་སྒྲིལ་དང་མདུན་སྐྱོད་ཀྱི་ལམ་བུ་གསར་པར་བློ་གཅིག་སེམས་གཅིག་ངང་འབད་འཐབ་བྱས་ནས་བྱ་གཞག་རླབས་ཆེན་གཏོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཚད་མེད་ཟབ་ཏུ་ཕྱིན་ཡོད།
གུང་གཞོན་སྡེ་ཚོཊ་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་བསྐྱོད་དེ་འགན་འཁྲི་འཁུར་ནས་བྱས་རྗེས་གསར་པ་བཞག་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་གིས“དོན་ཆེན་བཞི”ལ་དམིགས་པ་དང་།“འཛུགས་གཏོད་བཞི”ལ་ཤུགས་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་བཅས་ཀྱི“བྱ་སྤྱོད་ཆེན་པོ་གསུམ”གཏིང་ཟབ་སྤེལ་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད་པ་རེད། ཏང་དང་མི་དམངས་ཀྱི་དགོས་མཁོ་ནི་གཞོན་ནུ་རྣམས་ཀྱིས་བྱས་རྗེས་འཇོག་ས་ཡིན། འཁྲབ་སྟོན་ལ་ལྟ་མཁན་གྱི་གཞོན་ནུ་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲངས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ལྔ་བཞིའི་སྙིང་སྟོབས་དར་སྤེལ། རྒྱལ་གཅེས་བརྩེ་སེམས་རྒྱུན་འཛིན་བཅས་བྱས་ཏེ་གཞོན་ནུའི་སྟོབས་ཤུགས་ཚད་མེད་དང་། གཞོན་ནུའི་བློ་གྲོས་ཚད་མེད་ལ་བརྟེན་ནས་ལྷ་སའི་གདོང་དམག་བདུན་ཡག་པོ་བྱེད་པར་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社