(པར་ངོས་དང་པོར་མཐུད)རྒྱལ་ཡོངས་ཀྱི་དམིགས་བསལ་རིམ་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དོན་གྲུབ་དབང་མོ། 2023ལོའི་རྒྱལ་ཡོངས་གྲོང་གསེབ་དར་རྒྱས་གཏོང་བའི་གཞོན་ནུའི་གདོང་ལེན་པ་ཀརྨ་བསོད་ནམས། སྟག་ལུང་ཞབས་དྲུང་རིན་པོ་ཆེ་བསོད་ནམས་དོན་གྲུབ། ལྷ་ས་གྲོང་ཁྱེར་གྱི“ལང་ཚོའི་འདུན་པ”ཞེས་པའི་དང་བླངས་པ་ཡག་ཤོས་ཀའོ་ཡུན་སི་བཅས་ཀྱིས“ལང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་རམ་འདེགས་བྱེད། གཞོན་ནུས་ལྷ་སའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པའི་གཙོ་དོན་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
ཤའོ་ཡིའུ་ཚའེ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་བརྟེན་ནས་གཞོན་ནུ་རྣམས་འཚར་ལོངས་ཡག་པོ་ཡོང་བར་ཐུགས་ཁུར་དང་། གཞོན་ནུའི་ལས་དོན་འཕེལ་རྒྱས་ཡོང་བར་ཇུས་འགོད་གནང་ཞིང་། ཏང་གི་གཞོན་ནུའི་ལས་དོན་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བར་མ་ཟད། ལྷག་པར་དུ་ལྔ་བཞིའི་གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་རྒྱ་ཆེའི་གཞོན་ནུ་ཚོར་སླར་ཡང་རེ་བ་ནན་པོ་བཅོལ་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་བློ་ལ་བརྟན་པོར་ངེས་ནས་ལོ་རབས་དང་ལང་ཚོ་སྟོང་ཟད་དུ་མི་གཏོང་བ་དང་། དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འབད་འཐབ་བྱས་ཏེ། ལང་ཚོའི་ཕུགས་འདུན་དང་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས་གཞོན་ནུའི་འཐུས་མི་ཚོར་གཞོན་ནུའི་འཚར་ལོངས་སྐོར་གྱི་ཆོས་ཉིད་ངོ་སྤྲོད་གནང་བ་རེད། ཁོང་གིས་མངགས་བཅོལ་གནང་དོན། གཞོན་ནུ་འཚར་ལོངས་ཡག་པོ་ཡོང་དགོས་ན། འགག་རྩ་ནི་རང་ཉིད་ཀྱིས་འབད་བརྩོན་ལ་ཐུག་ཡོད་པས། རང་ཉིད་ཀྱི་ཕུགས་བསམ་དང་མེས་རྒྱལ་གྱི་མདུན་ལམ་ཟུང་འབྲེལ་དམ་པོ་བྱེད་པ་དང་། རང་ཉིད་ཀྱི་མི་ཚེ་དང་མི་རིགས་ཀྱི་ལས་དབང་ཟུང་འབྲེལ་དམ་པོ་བྱེད་པ། དུས་རབས་གསར་པའི་འབད་འཐབ་པ་དང་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་མཁན་བྱེད་པ་བཅས་བྱས་ཏེ། དཀའ་སྤྱད་ཀྱི་རྔུལ་ཆུ་ལ་བརྟེན་ནས་ཕུགས་འདུན་སྒྲུབ་དགོས་པ་དང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མི་ཚེར་གྲུབ་འབྲས་གཏོད་དགོས། སྙིང་རུས་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། རྨང་གཞིའི་རྩལ་ནུས་སྦྱོང་བ། གོམ་པ་རེ་རེ་བཞིན་ཉམས་མྱོང་གསོག་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་གཞག་གསར་པ་བསྒྲུབ་དགོས། “གཟེར་འདེབས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། བྱ་བ་དངོས་སྒྲུབ་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་རེ་སྒུག་དང་མངག་བཅོལ་ལེགས་འགྲུབ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། གཞི་རིམ་བཅོས་སྐྱོང་། ཁོར་ཡུག་བཅོས་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གདོང་དམག་བྱས་ཏེ། ལྷ་སས“གདོང་དམག་བདུན”ལེགས་པར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ཕུལ་བྱུང་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀ་བྱེད་འདོད་ཡོད་པ་དང་ལས་ཀ་བྱེད་ཐུབ་པའི་གཞོན་ནུ་ཚོར་ལས་སྟེགས་དང་གོ་གནས་སྤྲོད་དགོས་པ་དང་། རིམ་པ་ཁག་གི་སྡེ་ཚོགས་རྩ་འཛུགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་གཞོན་ནུ་ཚོར་དོན་དངོས་བསྒྲུབས་ནས་དཀའ་ངལ་བསལ་ཏེ། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུའི་ལས་དོན་ལ་འགན་ལེན་སྔར་ལས་ལྷག་པར་བྱེད་དགོས།
ཀྲོའུ་དབྱི་ཧྥུང་གིས་བཞུགས་མོལ་གནང་སྐབས་གསུངས་དོན། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་རྣམས་ཀྱིས་འདུ་ཤེས་གསར་སྒྱུར་གྱི་གདོང་ལེན་པ་དང་། དངོས་སྒྲུབ་འགན་འཁུར་གྱི་དཔེ་སྟོན་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་བ་བཅས་བྱས་ཏེ། ལྟེ་བར་དམིཊ་ནས་ཁྱོན་ཡོངས་ལ་ཞབས་འདེཊ་ཞུ་དགོས་པ་དང་། འགན་ཁུར་ནས་འབད་བརྩོན་ལྷོད་མེད་བྱས་ཏེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་སྟོབས་གསར་དམག་དང་རྗེས་གྲབས་དམག་ཏན་ཏིག་བྱེད་དགོས།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社