分享按钮

ཤའོ་ཡིའུ་ཚའེ་ཡིས་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་རང་གྲོང་གི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས།

འབད་འཐབ་ཀྱི་བསམ་པ་བཅངས་ནས་ལང་ཚོའི་ཕུགས་འདུན་དང་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་བ།

གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་རྣམས་དང་། གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ལོ་ཆུང་གི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་སྨོན་འདུན་ཞུས་པ། ཝང་ཆང་དང་། ཀྲོའུ་དབྱི་ཧྥུང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ། ཀྲའོ་ཧུའེ་ཉན་གྱིས་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བའི་ལོ་ཞིག་རེད། ཟླ་5ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་རང་གྲོང་གི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་རྣམས་དང་། གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ལོ་ཆུང་གི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཁོང་གིས་ནན་གསུངས་གནང་དོན། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། འཇོན་ཐང་སྦྱོང་བ། མིག་དཔེ་སྟོན་པ་སོགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་ལང་ཚོའི་ཉམས་འགྱུར་མངོན་པར་བྱེད་དགོས།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་། གྲོང་ཁྱེར་གྱི་འགོ་ཁྲིད་ཧོ་ཕུང་དང་། འཇམ་དབྱངས་བློ་གྲོས། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་ཤིང་། ཀྲའོ་ཧུའེ་ཉན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག 2023ལོའི་རྒྱལ་ཡོངས་ཀྱི“ལྔ་བཞིའི”དར་དམར་སྡེ་ཚོགས་ཀྲི་པུའུ་ཡི་ཧྲུའུ་ཅི་ལིའུ་ཡུས་དང་། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་རྣམས་དང་། གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ལོ་ཆུང་གི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་སྨོན་འདུན་ཞུས་པ། ཝང་ཆང་དང་། ཀྲོའུ་དབྱི་ཧྥུང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ། ཀྲའོ་ཧུའེ་ཉན་གྱིས་གཙོ་སྐྱོང་གནང་བ། ཤའོ་ཡིའུ་ཚའེ་ཡིས་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་རང་གྲོང་གི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། 6 6 拉萨日报藏文 c180547.html 1 འབད་འཐབ་ཀྱི་བསམ་པ་བཅངས་ནས་ལང་ཚོའི་ཕུགས་འདུན་དང་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->