分享按钮

“ལང་ཚོའི་བཀྲག་མདངས་ལྷ་སར་འཚེར།ང་ཡིས་འབད་པ་ལྷུར་ལེན་བྱེད”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི“ལྔ་བཞིའི”རིག་རྩལ་འཁྲབ་སྟོན་བྱས་པ།

ཤའོ་ཡིའུ་ཚའེ་དང་།ཝང་ཆང་། ཧོ་རུའེ། ཀྲོའུ་དབྱི་ཧྥུང་། ཀྲའོ་ཧུའེ་ཉན། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་ཀྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་30ཉིན་གྱི་དགོང་མོ། ཀྲུང་གུང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི“ལང་ཚོའི་བཀྲག་མདངས་ལྷ་སར་འཚེར།ང་ཡིས་འབད་པ་ལྷུར་ལེན་བྱེད”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི“ལྔ་བཞིའི”རིག་རྩལ་འཁྲབ་སྟོན་ལྷ་སའི་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱི་ནུས་མང་ཚོམས་ཆེན་དུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོ་རུའེ།གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས། དགྲ་འདུལ། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་དང་།དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་སོགས་ས་ཁུལ་རིམ་པའི་འགོ་ཁྲིད་བཅས་ཀྱིས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་གྲོགས་པོ་རྣམས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

ད་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བའི་ལོ་ཞིག་ཡིན་ལ། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་ངོ་བརྒྱ་ཡི་རྒྱང་སྐྱོད་ལམ་བུའི་ལོ་རྒྱུས་ཡུན་རིང་ཁྲོད་ལང་ཚོའི་གླུ་དབྱངས་ནམ་ཡང་མི་ནུབ་པར་གྱུར། འཁྲབ་སྟོན་དེ་མཉམ་གཞས《གཟི་བརྗིད་ལྡན་པའི་ཀྲུང་གོའི་གུང་གཞོན་སྡེ་ཚོགས》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། 《མང་ཚོགས་ལ་མཁོ་བའི་ས་ཆར་སྐྱོད》དང《འཛམ་གླིང་ལ་ང་ཚོའི་འོད་ཟེར་མཐོང་དུ་འཇུག》ཅེས་པའི་སྙན་ངག་གྱེར་འདོན།《ལང་ཚོ》ཞེས་པའི་ཞབས་བྲོ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 ཤའོ་ཡིའུ་ཚའེ་དང་།ཝང་ཆང་། ཧོ་རུའེ། ཀྲོའུ་དབྱི་ཧྥུང་། ཀྲའོ་ཧུའེ་ཉན། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་ཀྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ། 6 6 拉萨日报藏文 c180546.html 1 “ལང་ཚོའི་བཀྲག་མདངས་ལྷ་སར་འཚེར།ང་ཡིས་འབད་པ་ལྷུར་ལེན་བྱེད”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི“ལྔ་བཞིའི”རིག་རྩལ་འཁྲབ་སྟོན་བྱས་པ། /enpproperty-->