分享按钮

ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་ཁྲོམ་ར་དང་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་སྐབས།

འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གསུངས་གནང་བ།

ཁྲེན་ཡུང་ཆི་ལྷན་དུ་བརྟག་ཞིབ་ལ་ཕེབས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཟླ་5ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་ལས་དོན་ཐད་བརྟག་ཞིབ་གནང་བ་རེད། ཁོང་གིས་ཐོན་སྐྱེད་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀོང་ཏུང་མེ་ཀྲོའུ་གྲོང་ཁྱེར་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་དུ་རི་ཉིལ་བའི་གནོད་འཚེའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།

ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་བརྟན་པོར་འཁུར་བ། གཙོ་གནད་ཡུལ་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ།“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་པ།བདེ་འཇགས་དོགས་ཟོན་ལས་དོན་ལ་དམ་འཛིན་བཅས་བྱེད་དགོས་པ་དང་།ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།

ཁྲེན་ཡུང་ཆི་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད།

འཁྲུག་ཆ་དོད་པའི་ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་དེས་མི་རིགས་ཁག་གི་མང་ཚོགས་ལ་ཡུལ་སྐོར་གྱི་གནས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཡན་ཅིན་ཧའེ་དང་བཅས་པས་དུས་ཆེན་ཁྲོམ་ར་དང་། འགྲིམ་འགྲུལ་འགྲོ་སྐྱོད། ཐོན་སྐྱེད་བདེ་འཇགས་བཅས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་གནང་བ་རེད། ཁོང་གིས་ཚོང་པ་དང་དོ་དམ་མི་སྣར་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་འཛིན་པ། དམིགས་བསལ་སྒྲིག་ཆས་དང་འབར་རླངས་བེད་སྤྱོད་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ།ཞབས་ཞུ་ལེགས་པར་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང་བ་རེད། ཁོང་གིས“ལྔ་གཅིག”གུང་གསེང་རིང་ཕྱོགས་སུ་འགྲོ་མཁན་མང་དུ་ཕྱིན་པ་དང་། རིག་གནས་ཡུལ་སྐོར་ཁྲོམ་ར་མུ་མཐུད་འཁྲུག་ཏུ་ཕྱིན་ཡོད། ཚོང་ལམ་མཛེས་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་སར་བདེ་འཇགས་ལ་དོ་དམ་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་ཐོན་སྐྱེད་བདེ་འཇགས་ཁོངས་གཏོགས་ས་ཁུལ་འགོ་ཁྲིད་ཀྱི་འགན་འཁྲི་དང་། ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ལས་བཟོ་བའི་ལས་གནས་ཀྱི་འགན་འཁྲི་བཅས་དམ་པོར་འཛིན་དགོས་པ་དང་།འགན་འཁྲིའི་སྦྲེལ་ཐག་ཁྱབ་ཁོངས་ཁག་དང་། ལས་རིགས་ཁག ལས་གནས་ཁག མི་སྒེར་བཅས་ལ་ཁྱབ་པར་བྱས་ཏེ།རྒྱུན་གཏན་ནས་འགན་འཁྲིར་དམ་འཛིན་བྱེད་པ་དང་བྱ་ཐབས་ལས་གནས་སུ་དོན་འཁྱོལ་ཐུབ་པར་བྱེད་དགོས། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 ཁྲེན་ཡུང་ཆི་ལྷན་དུ་བརྟག་ཞིབ་ལ་ཕེབས་པ། ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་ཁྲོམ་ར་དང་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་སྐབས། 6 6 拉萨日报藏文 c180548.html 1 འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->