分享按钮

ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་།

དབྱིངས་ཞུགས་རྣམ་པའི་ཚོང་ལས་ ཁྲོམ་གཞུང་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་འགོ་ཚུགས་པའི་མཛད་སྒོ་སྣེའུ་ཁུལ་གསར་ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་དུ་འཚོགས་པ་དང་། རང་གྲོང་གི་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་པ་དང་ཆབས་ཅིག་ཟས་མཆོག་དང་། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་དབྱིངས་ཞུགས་རྣམ་པའི་ཚོང་ལས་ཁྲོམ་གཞུང་གསར་པ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་དེ་སྣེའུ་ཟམ་ཆེན་གྱི་ནུབ་ངོས་སུ་གནས་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་རྒྱ་སྨི་ངོས་གྲུ་44000ཡོད་པ་དང་དེའི་ཇུས་འགོད་ཀྱི་འདུ་ཤེས་ནི་བོད་ལྗོངས་ས་ཁོངས་ཀྱི་རིག་གནས་དང་། ཡུལ་སྐོར། ལྗོངས་གཟིགས་བཅས་སྔོག་འདོན་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ས་གནས་ཁག་གི་ཁྱད་ལྡན་ཟས་མཆོག་དང་།བོད་ལྗོངས་ས་ཁོངས་ཀྱི་རིག་གནས་དང་། ཡུལ་སྐོར། ལྗོངས་གཟིགས་བཅས་མཉམ་འདྲེས་བྱེད་པའི་བོད་ལྗོངས་དང་ལྷ་ས་ཡི་ཟས་མཆོག་རིག་གནས་ཀྱི་མཐོ་ས་ཞིག་གཏོད་རྒྱུ་དེ་རེད། ཟས་མཆོག་ཁྲོམ་གཞུང་དུ་སྐྱོད་སྐབས་ཉ་ཤ་དང་ཁ་ཚ་ཅན་གྱི་མཚོ་ཟས་ཤ་སྨི་སོགས་རྒྱལ་ཡོངས་ས་གནས་ཁག་གི་ཟས་མཆོག་ལ་རོལ་ཞོར་ས་གནས་དེ་གའི་ཁྱད་ལྡན་སྦི་རག་བཏུངས་ཚེ་མི་ཡུལ་གྱི་ཞིམ་ཟས་མཆོག་ཏུ་གྱུར་བ་ཞིག་ཆགས་ཀྱི་ཡོད། གྲོང་མི་དང་ཡུལ་སྐོར་བའི་ཟས་མཆོག་གི་དགོ་མཁོ་སྐོང་བ་དང་ཆབས་ཅིག་མཐོང་ཚོར་དང་། ཐོས་ཚོར། བྲོ་བ། རེག་ཚོར་བཅས་ཀྱི་ཐད་ནས་ཚང་མར་འཛད་སྤྱོད་ཀྱི་ཉམས་ལེན་གསར་པ་ཞིག་མཁོ་འདོན་བྱས་ཡོད།

བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀུང་ཅི་ཧྥེ་ཡིས་ད་ཐེངས་ང་ཚོས་འཁྱེར་ཡོང་བའི་ཐོན་རྫས་ནི་ཙང་ཡོན་ནས་ཆང་ཡིན་པ་དང་། འདི་ནི་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་པས་སྔར་ནས་བཟུང་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་། 6 6 拉萨日报藏文 c180545.html 1 དབྱིངས་ཞུགས་རྣམ་པའི་ཚོང་ལས་ ཁྲོམ་གཞུང་གསར་པ་བཏོད་པ། /enpproperty-->