(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་རང་འགུལ་ངང་འགན་འཁྲི་འཁུར་བའི་ལང་ཚོའི་ལེའུ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་གཞོན་ནུའི་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུའི་འཚར་ལོངས་ལ་སེམས་ཁུར་བྱེད་པ། རྒྱ་ཆེའི་གཞོན་ནུས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བཅས་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་གིས་སྤྲད་པའི་ལས་འགན་ཕྲག་ཏུ་ཁུར་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་གཞོན་ནུ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་དོན་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社