(པར་ངོས་དང་པོར་མཐུད)གང་དུ་དགོས་མཁོ་ཡོད་ཚེ་ཁོང་གང་དུ་རོགས་རམ་བྱེད་པར་འགྲོ་བཞིན་ཡོད་ལ། རང་ཉིད་ཀྱི་ལས་སྒོའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཡང་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཁོང་གི་ལས་ཀར་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ཁོང་གིས་མུ་མཐུད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལས་ཀ་སྔར་བས་ཡག་པོ་བསྒྲུབས་ཏེ་ལས་མི་དེ་བས་མང་བ་ཞིག་ལ་རང་ཉིད་ཀྱི་ལས་གནས་ཐོག་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོབ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ཕུར་བུ་མཚམས་གཅོད་2009ལོར་ལས་ཀར་ཞུགས་པ་ནས་བཟུང་སྔ་རྗེས་སུ་བདུད་རྩི་བོད་སྨན་ཐུམ་རྒྱག་པ་དང་། མཆན་གྲངས་དཔར་སློག གློག་རྡུལ་ལྟ་སྐུལ་དོ་དམ་ཨང་གྲངས་སོགས་ལས་གནས་མང་པོ་ཞིག་ཏུ་སྦྱོང་བརྡར་བྱས་པས་ལས་ཀའི་ཁོར་ཡུག་དང་ལས་གནས་ཀྱི་བླང་བྱ་མི་འདྲ་བ་དང་མགྱོགས་མྱུར་གོམས་འདྲིས་ཐུབ་པ་དང་། ཐོན་སྐྱེད་ཀྱི་སྒྲིག་ཆས་སྣ་ཚོགས་བཀོལ་སྤྱོད་བྱེད་པར་རྒྱུས་མངའ་ཡོད་པ། ཐོན་སྐྱེད་དང་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པས་ཚད་ལྡན་དང་ཕྱོགས་མང་པོའི་ལས་སྒོའི་ཐད་ཀྱི་ལག་ཤེས་པ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཁོང་གིས་རང་དཔེ་གཞན་སྟོན་བྱས་ནས་ཚོགས་ཆུང་འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཉེ་འགྲམ་གྱི་ལས་རོགས་རྣམས་ཀྱི་ལག་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རོཊ་བྱས་ཤིང་།ལས་ཀར་ཧུར་བརྩོན་དང་ཏན་ཏིག་བྱེད་པའི་གཟུགས་བརྙན་བཟང་པོ་ཞིག་བཏོད་ཡོད། བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བུ་ཆུང་ཚེ་རིང་གིས་ཕུར་བུ་མཚམས་གཅོད་ནི་ང་ཚོའི་ཀུང་སིའི་ཐོན་སྐྱེད་པུའི་ལས་མི་ཞིག་ཡིན་ཞིང་། ཁོང་གིས་ལས་ཀར་ཧུར་བརྩོན་ཆེན་པོ་བྱེད་ཀྱི་ཡོད། ལས་ཀའི་ནུས་པ་དང་ཆེད་ལས་ཀྱི་བྱང་ཚད་ལ་ཀུང་སིའི་འགོ་ཁྲིད་དང་ལས་རོགས་ཚོའི་ཁས་ལེན་གཅིག་གྱུར་ཐོབ་ཡོད། ང་ཚོས་ཀྱང་ལས་མིར་ཁོང་ལ་སློབ་སྦྱོང་བྱས་ནས་ལས་ཀའི་ཁོར་ཡུག་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།
ཕུར་བུ་མཚམས་གཅོད་ཀྱིས“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་པར་ང་རང་གཟི་བརྗིད་དང་སྤོབས་པ་སྐྱེ་བཞིན་ཡོད། འདི་ནི་ངའི་ལོ་མང་རིང་གི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། ང་ཚོ་བོད་སྨན་ཐོན་སྐྱེད་འཁོར་ཁང་གི་འཐབ་ས་མདུན་མའི་ལས་ཀ་བྱེད་མཁན་ལ་སྐུལ་མ་བཏང་བ་ཞིག་ཀྱང་རེད། ངས་ད་ཐེངས་ཀྱི་གཟི་བརྗིད་མཚན་སྙན་དེ་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ་ཐོན་སྐྱེད་ཀྱི་འཐབ་ས་མདུན་མར་མུ་མཐུད་འབད་འཐབ་བྱེད་པ་དང་། རང་ཉིད་ཀྱི་རྩལ་ནུས་དང་ཤེས་བྱའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ནད་པར་དེ་བས་སྤུས་ལེགས་ཀྱི་སྨན་རྫས་མཁོ་འདོན་བྱེད་པ།རང་ཉིད་ཀྱི་ཉམས་མྱོང་དང་རྩལ་ནུས་མི་དེ་བས་མང་བ་ཞིག་ལ་བརྒྱུད་ཁྲིད་བྱེད་པ་བཅས་ཀྱི་སྒོ་ནས་སྨན་བཟོའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社