分享按钮

“ལྔ་གཅིག”གུང་གསེང་རིང་ལས་གནས་བརྟན་པོར་ སྲུང་བཞིན་པའི་ངལ་རྩོལ་པ།

(པར་ངོས་གཉིས་པར་མཐུད)ས་གནས་ས་ཐོག་གི་ལས་རིམ་ཚང་མར་སྐོར་སྐྱོད་ཞིབ་བཤེར་བྱེད་བཞིན་ཡོད།

ཝུའེ་དབྱང་མིན་གྱིས་ཟམ་ཆེན་དེ་ལན་ཤིན་ལྕགས་ལམ་དང་། ཀྲུང་ཁྲོན་གྲོང་ཁྱེར་གྱི་ལྕགས་ལམ། ལན་ཀྲོའུ་བྱང་སྐོར་ལྕགས་ལམ། ཤིས་ལིའུ་ཀོའུ་ཡི་ཐོག་སོ་གསུམ་ཅན་གྱི་གཞུང་ལམ་ཟམ་པ་བཅས་བརྒལ་ཡོད་པས་བདེ་འཇགས་ལ་ཉེན་ཁ་ཆེ་བ་དང་དོ་དམ་གྱི་བླང་བྱ་ནན་པོ་ཡོད་ཅེས་བཤད། ལས་ཀ་བྱས་ནས་ལོ་ངོ་32སོང་རིང་། ཝུའེ་དབྱང་མིན་སྔ་རྗེས་སུ་པའོ་ཀྲུང་ལྕགས་ལམ་དང་། ཅིང་ཧྲི་མྱུར་བགྲོད་ལྕགས་ལམ། དབྱིན་ཝུའུ་མྱུར་བགྲོད་ལྕགས་ལམ་བཅས་ཀྱི་གཙོ་གནས་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་ཡོད།ཝུའེ་དབྱང་མིན་གྱིས་ལན་གཙོད་ལྕགས་ལམ་བསྐྲུན་རྗེས་ཀན་ལྷོ་དང་ལིན་ཞ་སོགས་ས་ཁུལ་དུ་ལྕགས་ལམ་སྦྲེལ་ཐུབ་རྒྱུ་རེད། ལམ་རྒྱུད་ཀྱི་གྲོང་མི་སྔ་ཙམ་མེ་འཁོར་ནང་སྡོད་དུ་འཇུག་རྒྱུ་ནི་ང་ཚོ་འཛུགས་སྐྲུན་བྱེད་མཁན་ཚང་མའི་ཐུན་མོང་གི་བསམ་འདུན་ཞིག་ཡིན་ཞེས་བཤད། གུང་གསེང་འདིར། ཁོང་དང་འཛུགས་སྐྲུན་པ་100ལྷག་ཙམ་གྱིས་ལས་ཡུལ་བརྟན་པོར་བསྲུངས་ནས“ལྔ་གཅིག”གི་ངལ་གསོར་རོལ་ཡོད།

ལེ་དབར་སྟོང་ལྷག་གི་ཧྥུའུ་ཀྲོའུ་གྲུ་ཁའི་རྒྱབ་ཕྱོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་དུ་མགོ་ལ་བདེ་འཇགས་ཞྭ་མོ་གྱོན་པའི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་རྣམ་གྲངས་བཟོ་ཁུལ་གཉིས་པའི་ཨར་ལས་འགན་འཁུར་བ་ཏེང་ཁང་གིས་ཡུལ་དངོས་ཀྱི་ཨར་ལས་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་བཞིན་ཡོད་པ་དང་། ཁོང་གིས་ཞིབ་བཤེར་གྱི་ཞོར་དུ་ལས་ཀ་བྱེད་མཁན་གྱི་བཟོ་པར་ཐོན་སྐྱེད་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཡང་ཡང་གཏོང་བཞིན་ཡོད།

པེ་ཐོའུ་ལིང་ཕུག་ལམ་གྱི་རིང་ཚད་ལ་སྨི་9270ཡོད་པ་དེ་ནི་ཕྱོགས་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་རེད། ཏེང་ཁང་གིས་ཕུག་ལམ་དེར་གས་སྲུབས་ཁུལ་12བརྒྱུད་དགོས་པས་ཨར་ལས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་བདེ་འཇགས་ཀྱི་ཉེན་ཁ་ཆེ་བས་ཡུལ་དངོས་སུ་ལྟ་ཞིབ་ནན་ཏན་བྱས་ཚེ་གཞི་ནས་བློ་བདེ་པོ་འདུག་ཅེས་བཤད། ད་ལོའི་དུས་ཚིགས་དང་པོ་ནས་བཟུང་། རྣམ་གྲངས་ཚོགས་པས་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་རིམ་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཕུག་ལམ་གྱི་གློག་འོད་དང་ཕུག་ལམ་ནང་གི་སྐྱེལ་འདྲེན་སོགས་ལས་རིམ་ལ་དམིགས་ནས་ཨར་ལས་བྱས་ཐོག ཕུག་ལམ་སྤུས་ཚད་མཐོ་ཞིང་ནུས་ཕྱོད་ཆེ་བའི་སྒོ་ནས་སྔོག་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

ངལ་རྩོལ་ལ་བརྟེན་ནས་རྨང་གཞི་འཛུགས་པ་དང་འབད་འཐབ་ལ་བརྟེན་ནས་ལམ་གཏོད་དགོས། ས་ཕྱོགས་གང་སར་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་ངལ་རྩོལ་གྱི་ལག་ལེན་ཁྲོད་ངལ་རྩོལ་པ་གྲངས་མེད་ཀྱིས“ངལ་རྩོལ་གྱི་གཟི་བརྗིད”མངོན་པར་བྱས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180426.html 1 “ལྔ་གཅིག”གུང་གསེང་རིང་ལས་གནས་བརྟན་པོར་ སྲུང་བཞིན་པའི་ངལ་རྩོལ་པ། /enpproperty-->