分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་དར་ཁ་ཕྱེ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བཀོད་གཏོང་གནང་བ།

(པར་ངོས་དང་པོར་མཐུད)སྣེ་ལེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

དེ་རྗེས། ཁྲེན་ཅིང་དང་བཅས་པ་གནམ་མཚོའི་འགྲམ་དུ་ཕེབས་ཏེ་ཡུལ་དངོས་ནས་ཞིབ་བཤེར་གནང་ཞིང་། གར་སྟེགས་ཀྱི་བཀོད་སྒྲིག་དང་། གུར་གྱི་དཔེ་རིས། བདེ་འཇགས་འགན་ལེན་སོགས་ཐད་ཀྱི་བྱེད་སྒོའི་གྲ་སྒྲིག་ཚོགས་ཆུང་གི་སྙན་ཞུར་གསན་པ་རེད། ཁྲེན་ཅིང་གིས་གནམ་མཚོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་འདོན་སྤེལ་ཡག་པོ་བྱེད་པ་དང་། མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་ས་བེད་སྤྱོད་ཡག་པོ་བྱེད་པ། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་བར་སྟོང་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས། མཐའ་འཁོར་གྱི་ཁོར་ཡུག་གི་འཕྲོད་བསྟེན་སྔར་བས་བཅོས་སྒྲིག་ཡག་པོ་བྱས་ཏེ་འགྲོ་འདུག་སྐྱོད་གསུམ་དང་ཡུལ་སྐོར་རོལ་རྩེད་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་དང་ནུས་ཆེའི་ཞབས་ཞུ་ལ་བརྟེན་ནས་ཕྱོགས་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུ་དགོས་པ་དང་ཡུལ་སྐོར་བའི་འདོད་བློ་ཁེངས་ཐུབ་པར་བྱ་དགོས། ཡུལ་སྐོར་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་དེ་གའི་མང་ཚོགས་ཀྱིས་གཉེར་སྐྱོང་ཚད་ལྡན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རྗེས་འདེད་ཟོག་འཚོང་གི་རྣམ་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། ཐོན་སྐྱེད་བདེ་འཇགས་ལ་དོ་སྣང་ནན་པོ་བྱས་ནས་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་ལེན་བྱས་ཏེ་ཡུལ་སྐོར་བ་བདེ་འཇགས་ངང་ཡུལ་སྐོར་ཐུབ་རྒྱུར་ཁྲིད་སྟོན་བྱ་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་རྨང་གཞིའི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱས་ནས་གནམ་མཚོའི་ཁྱད་ཆོས་ལྡན་པའི་བརྙན་ཐུང་ཕབ་སྐྲུན་དང་། དྲིལ་བསྒྲགས། འོས་སྦྱོར་བཅས་བྱས་ཏེ་གནམ་མཚོའི་ཐུན་མོང་མ་ཡིན་པའི་གཏམ་རྒྱུད་བརྗོད་ནས་གནམ་མཚོའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་རིགས་གཟེངས་སུ་ཐོན་པར་བྱ་དགོས་པའི་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180423.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་དར་ཁ་ཕྱེ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བཀོད་གཏོང་གནང་བ། /enpproperty-->