分享按钮

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

(པར་ངོས་དང་པོར་མཐུད)རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མུ་མཐུད་འབད་བརྩོན་བྱེད་དགོས”ཞེས་ནན་གསུངས་གནང་ཡོད། དེར་བརྟེན་མི་རིགས་བསྐྱར་དར་གྱི་དམིགས་འབེན་དང་ཇི་ཙམ་ཉེ་ན་ལྷོད་གཡེང་མི་བྱེད་པར་དེ་ཙམ་གྱིས་འབད་བརྩོན་ལྡབ་འགྱུར་བྱེད་དགོས་པ་དང་། རྒྱ་ཆེའི་གཞོན་ནུ་རྣམས་ལ་སྐུལ་སློང་བྱས་ནས་དེའི་དོན་དུ་འབད་བརྩོན་བྱེད་དགོས་པས། སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ཁྲོད་ཀྱི་ཆེས་དགེ་མཚན་ལྡན་པ་དང་ཆེས་སྐྱེ་སྟོབས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་དང་། དུས་རབས་ཀྱི་འགན་འཁྲི་འཁུར་བ། ཕུགས་རྒྱང་རིང་བ་བཅས་ཀྱི་སྒོ་ནས་ལང་ཚོའི་ནུས་ཤུགས་དང་གསར་གཏོད་ཀྱི་ནུས་པ་སྤྱད་དེ། མི་རིགས་བསྐྱར་དར་གྱི་རྔམ་ཟིལ་མངོན་པར་བྱེད་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་གསར་གཏོད་ཀྱི་བློ་བརྟན་པོར་བཅངས་ནས་གཞན་གྱི་སྔོན་ལ་ཕོད་པའི་བློ་སྟོབས་ལྡན་པར་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེའི་ཁྲོད་དུ་ལམ་བུ་གསར་གཏོད་དང་ལས་རིགས་གསར་གཏོད་ཧུར་ཐག་བྱེད་པ། ཚན་རྩལ་གསར་གཏོད་ཁྲོད་དུ་ཀ་གདུང་ལྟ་བུའི་ནུས་པ་ཐོན་པར་བྱས་ནས་གསར་གཏོད་ཁྲོད་དུ་ལང་ཚོའི་བཀྲག་མདངས་འཚེར་ཐུབ་པར་བྱེད་པ། འབད་བརྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་གསར་གཏོད་མཁན་ཞིག་དང་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་པ། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཏུ་དཔའ་ངར་ཆེན་པོས་མདུན་གྲལ་བརྩོན་ལེན་བྱེད་པ། བསམ་སྦྱོར་གཅིག་གྱུར་མཐའ་འཁྱོངས་བྱས་ནས་ལག་ལེན་ཁྲོད་དུ་ཤེས་བྱ་དངོས་དང་བདེན་ལུགས་རྟོགས་རྒྱུར་མཐོང་ཆེན་བྱེད་པ། མཐོང་ཐོས་མྱོང་གསུམ་གྱི་ཁྲོད་དུ་འཇོན་ཐང་འཕེལ་ཞིང་སྙིང་སྟོབས་སྐྱེད་པར་བྱེད་པ། འགན་འཁྲི་འཁུར་ཞིང་འཇོན་ཐང་ངོ་མ་སྦྱོང་བ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་སར་ལང་ཚོའི་མཛེས་པ་མངོན་དུ་འཇུག་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་མེས་པོ་རྣམས་ལ་སེམས་གསོ་ཞུ་ཡག་ཤོས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡག་ཤོས་ནི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་དེ་རེད”ཅེས་ནན་གསུངས་གནང་ཡོད་པས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་རྟོགས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། རང་ཉིད་ཀྱི་ཕུགས་བསམ་དེ་མེས་རྒྱལ་གྱི་མདུན་ལམ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་ཉིད་ཀྱི་མི་ཚེ་དེ་མི་རིགས་ཀྱི་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་འབད་བརྩོན་པ་ཞིག་དང་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་ཞིག་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྱང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་མངོན་པར་བྱས་ནས་སྔོན་རབས་པ་དང་། དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བརྗིད་ཉམས་ལྡན་པའི་ལེའུ་ཟམ་མི་ཆད་པར་རྩོམ་ཐུབ་ངེས་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180422.html 1 ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། /enpproperty-->