分享按钮

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུ་ཚོར་རེ་བཅོལ་བཀའ་སློབ་གནང་སྐབས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུངས་གནང་བ་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ལྔ་བཞི་གཞོན་ནུའི་དུས་ཆེན་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོས་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ། ཚན་རྩལ་གསར་གཏོད་དང་ཤང་གྲོང་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་གདོང་དམག་དང་གསོན་ཤུགས་དམག་བྱེད་ཕོད་པར་བྱས་ནས་རང་གིས་རང་ལ་ཡིད་ཆེས་དང་རང་སྟོབས་རང་སྤེལ། བློ་རྩ་བརྟན་ཞིང་ཤུགས་དང་ལྡན་པ་བཅས་ཀྱི་བསམ་པའི་ཉམས་སྣང་མངོན་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་གཞོན་ནུ་ཚོར་ཡིད་ཆེས་ཆེན་པོ་དང་རེ་བ་ཆེན་པོ་བཅོལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ་105འཁོར་བའི་ལོ་རེད། རྒྱ་ཆེའི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཁྲོད་དུ་ལང་ཚོའི་བྱས་རྗེས་འཇོག་པ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་ཀྱི་ཐོག་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུ་ཚོར་རེ་བཅོལ་བཀའ་སློབ་གནང་སྐབས། 6 6 拉萨日报藏文 c180415.html 1 ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུངས་གནང་བ་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། /enpproperty-->