分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་དར་ཁ་ཕྱེ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བཀོད་གཏོང་གནང་བ།

ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཁྲོད་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དང་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ཅན་དུ་འགྱུར་བར་འགན་ལེན་བྱ་ཆེད། ཟླ་5ཚེས་1ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་རུ་སྣེ་ཁྲིད་དེ་འདམ་གཞུང་རྫོང་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཕེབས་ནས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།

བརྟག་ཞིབ་གནང་རིང་། ཁྲེན་ཅིང་དང་བཅས་པ་དང་ཐོག་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་བསྡུ་འགྲེམ་ལྟེ་གནས་ཀྱི་ཆུ་སྐྱར་མཆུ་དམར་ཐང་ཆེན་དུ་ཕེབས་ནས་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ།མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྱི་ཡུལ་སྐོར་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་གནམ་མཚོའི་ཡུལ་སྐོར་གྱི་སྤྱི་ཡོངས་ཀྱི་རྣམ་པ་ལེགས་སུ་གཏོང་དགོས་ཞེས་གསུངས་པ་རེད། ཞག་སྡོད་ཁུལ་དུ། སྡོད་ཁང་གི་སྒྲིག་ཆས་དང་། སྣེ་ལེན་ཞབས་ཞུ། བཟའ་བཅའི་བདེ་འཇགས། འགྲིམ་འགྲུལ་ལམ། དེ་བཞིན་གློག་ཤུགས་དང་། འཕྲིན་གཏོང་། འཕྲལ་སྡོམ་སོགས་ཞབས་ཞུའི་འགན་ལེན་གྱི་གནས་ཚུལ་ཐད་མཁྱེན་རྟོགས་གང་ལེགས་གནང་བ་དང་། ས་གནས་གང་དུ་སླེབས་ཀྱང་ཁྲེན་ཅིང་གིས་ལས་དོན་མི་སྣར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། གསོལ་མགྲོན་ཁང་ཁག་ལ་ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བའི་སྣེ་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། ལྷག་པར་དུ་ཞབས་ཞུ་ཞིབ་ཚགས་བྱེད་པར་དོ་སྣང་བྱས་ཏེ་སྐུ་མགྲོན་ལ་བདེ་འཇགས་དང་། གཙང་ཞིང་སྐྱིད་སྣང་དོད་པའི་སྡོད་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས། འགན་ནུས་སྡེ་ཚན་ཁག་གིས་རང་འགུལ་ངང་འབྲེལ་མཐུད་དང་སྒོ་བཅར་ཞབས་ཞུ་ཡག་པོ་ཞུ་དགོས་པ་དང་། གསོལ་མགྲོན་ཁང་ཁག་གི་འཛུགས་སྐྲུན་དང་གྲ་སྒྲིག་བྱེད་རིང་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། གསོལ་མགྲོན་ཁང་ཁག་ལ་ཞབས་ཞུའི་འཕྲལ་སྡོམ་ནང་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c180414.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གནམ་མཚོའི་དར་ཁ་ཕྱེ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བཀོད་གཏོང་གནང་བ། /enpproperty-->