分享按钮

སྨན་བཟོའི་ཁྱབ་ཁོངས་ཀྱི་ལག་ཤེས་པས་ཕུགས་འདུན་དོན་གཉེར་བྱེད་པ།

“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་ཕུར་བུ་མཚམས་གཅོད་ཀྱི་སྐོར་བཀོད་པ།

ཉེ་ཆར་2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་།རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་རྟགས་ཅན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་།བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའི་འཁོར་ཁང་ཚན་པའི་ཙུའུ་ཀྲང་ཕུར་བུ་མཚམས་གཅོད་ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་པ་རེད། ལས་ཀ་བྱས་ནས་ལོ་ངོ་15སོང་རིང་།ཕུར་བུ་མཚམས་གཅོད་ཀྱིས་འཁོར་ཁང་གི་ཕྱི་ཕྱོགས་ཐུམ་སྒྲིལ་གྱི་ལས་ཀ་ནས་འགོ་བཙུཊ་ཏེ་ལས་ཀ་བྱས་ཡོད་ཅིང་།བློ་རྩེ་གཅིག་སྒྲིམ་ངང་ཆེད་ལས་ཀྱི་ཚད་གཞིར་སློབ་སྦྱོང་དང་ཆེད་ལས་ལག་རྩལ་ལ་ཞིབ་འཇུག་བྱས་པ་བརྒྱུད་རིམ་བཞིན་སྨན་བཟོའི་ཁྱབ་ཁོངས་ཀྱི་ལག་ཤེས་པ་ཞིག་ཏུ་གྱུར་ཡོད།

གསར་འགོད་པར་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནས་ལས་བཟོ་བ་ཚོས་ལས་གོས་དང་།ལྷམ་ཤུབས། ཁ་རས། ཞྭ་མོ་བཅས་གྱོན་ཏེ་དུག་སེལ་གྱི་འགག་སྒོ་རེ་རེ་བཞིན་བརྒྱུད་དེ་ནང་དུ་འཛུལ་བཞིན་པ་མཐོང་ཡོད། ཞིབ་ཞིབ་བཟོ་བ་དང་། རིལ་བུར་བཟོ་བ། འདེམ་སྒྲུག་བྱེད་པ་སོགས་བྱས་རྗེས་བོད་སྨན་རིལ་བུ་དེ་དག་ལ་རིམ་གྱིས་ཐུམ་སྒྲིལ་རྒྱག་གི་ཡོད། ཡུལ་དངོས་སུ་ཕུར་བུ་མཚམས་གཅོད་ཀྱིས་རྒྱུ་ཆ་ལེན་པའི་ཐོ་ཡིག་བསྐངས་རྗེས་ཁག་དེའི་བོད་སྨན་ཐུམ་སྒྲིལ་གྱི་རྒྱུ་ཆ་བླངས་ནས་རང་འགུལ་ཅན་གྱི་བོད་སྨན་ཐུམ་སྒྲིལ་རྒྱག་པའི་ལས་དོན་སྤེལ་གྱི་ཡོད།

ཕུར་བུ་མཚམས་གཅོད་ཀྱིས་གསར་འགོད་པར་དེ་སྔ་བོད་སྨན་ཐུམ་སྒྲིལ་རྒྱག་སྐབས་ལག་པར་བརྟེན་དགོས་ཀྱི་ཡོད་པས་ཁོང་གིས་ཉིན་གཅིག་ལ་རིལ་བུ་3000མ་གཏོགས་ཐུམ་རྒྱག་ཐུབ་ཀྱི་མེད་པ་དང་བྱང་ཆུབ་པ་བྱུང་རྗེས་ཉིན་གཅིག་ལ་རིལ་བུ་4000ལ་ཐུམ་རྒྱག་ཐུབ་ཀྱི་ཡོད། 2021ལོར་བདུད་རྩི་རྟགས་ཅན་བོད་སྨན་གྱིས་ཐུམ་རྒྱག་འཕྲུལ་འཁོར་ནང་འདྲེན་བྱས་ནས་ཐུམ་སྒྲིལ་འདི་ཉིད་འཕྲུལ་ཆས་ཅན་དང་རང་འགུལ་ཅན་དུ་འགྱུར་ཡོད་ཅིང་། ད་ཆ་འཁོར་ཁང་དུ་མི་3ལས་གནས་སུ་ཡོད་ན་འགྲིག་གི་ཡོད་པ་དང་ཐུམ་རྒྱག་འཕྲུལ་འཁོར་གྱིས་ཉིན་རེར་རིལ་བུ་ཁྲི་3.8ལ་ཐུམ་སྒྲིལ་རྒྱག་གི་ཡོད་ཅེས་བཤད། ཕུར་བུ་མཚམས་གཅོད་ཀྱིས་ལས་ཀར་འཛིན་པའི་རྣམ་འགྱུར་དོ་ནན་ཞིང་ཞིབ་ཚགས་པ་ཞིག་ཡོད། ཐུམ་སྒྲིལ་རྒྱག་པའི་བརྒྱུད་རིམ་ནང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་དང་ནན་ཏན་གྱི་ལས་ཀའི་རྣམ་འགྱུར་ཐོག་ནས་ཐོན་རྫས་ཀྱི་སྤུས་ཚད་ཐད་འགན་ལེན་བྱེད་ཀྱི་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 “རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་ཕུར་བུ་མཚམས་གཅོད་ཀྱི་སྐོར་བཀོད་པ། 6 6 拉萨日报藏文 c180413.html 1 སྨན་བཟོའི་ཁྱབ་ཁོངས་ཀྱི་ལག་ཤེས་པས་ཕུགས་འདུན་དོན་གཉེར་བྱེད་པ། /enpproperty-->