“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་རིང་མི་མང་ཆེ་བས་བག་ཕེབས་ཀྱི་གུང་གསེང་ལོངས་སུ་སྤྱོད་སྐབས། སྤྱིར་བཏང་གི་མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་ཚོ་འགའ་རེས་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་སྲུང་བཞིན་ཡོད་པ་དང་། འགའ་རེས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོ་རྨོད་བཞིན་ཡོད། ཡང་འགའ་རེས་གྲོང་ཁྱེར་གྱི་གྲུ་ཟུར་གང་སར་གློག་སྒུལ་འཁོར་རིགས་བཞོན་ནས་མྱུར་སྐྱེལ་གྱི་ལས་དོན་སྒྲུབ་བཞིན་ཡོད། ཁོང་ཚོས་དཀའ་སྤྱད་འབད་བརྩོན་ངང་རང་འཁྲིའི་ལས་གནས་བརྟན་པོར་བསྲུངས་ནས་ལང་ཚོའི་གླུ་དབྱངས་ལེན་བཞིན་ཡོད།
པར་འདི་ནི་ཟླ་5ཚེས་1ཉིན་འཕྲོད་བསྟེན་ལས་དོན་པས་རྫོང་རྒྱབ་ཀླུ་ཁང་དུ་གཙང་སྦྲ་བྱེད་བཞིན་པའི་རྣམ་པ་ཡིན་པ།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社