分享按钮

(པར་ངོས་དང་པོར་མཐུད)འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་44000ལྷག་ཙམ་ཟིན་གྱི་ཡོད་ཅིང་།ས་སྟེང་དུ་ཐོག་སོ་གསུམ་གྱི་འཛུགས་སྐྲུན་ཚོགས་པ་དང་ས་འོག་ཏུ་རླངས་འཁོར་འཇོག་ས་ཡོད་པ་དང་རླངས་འཁོར་འཇོག་སའི་ནང་ད་དུང་འབྱུང་ཁམས་མཛེས་ལྗོངས་ཁུལ་13བཀོད་སྒྲིག་བྱས་ཡོད་པ་རེད། ཚོང་ལས་ཁྲོམ་གཞུང་འདིས་གཙོ་དོན་ཁྲོམ་གཞུང་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ལྟེ་བར་བྱས་ནས་གྲོང་མིར་རྒྱལ་སྤྱི་ཅན་དང་། སྤུས་ཚད་ཅན། རྣམ་པ་ཅན་བཅས་ཀྱི་འཛད་སྤྱོད་ཉམས་ལེན་གསར་པ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། གཞན་ཡང་།ལྷ་ས་གྲོང་ཁྱེར་གྱི་ཚོང་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ལྷ་སའི་དབྱིངས་རྣམ་གྲངས་ཀྱིས་ཚོང་རའི་ནང་གི་ཚོང་པར་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ(ཁང་གླ་ཆག་ཡང་དང་། མཛེས་བཟོའི་ཁ་གསབ། ཁྲལ་རིན་གཉིས་གཅོག དངུལ་རྩའི་རྒྱབ་སྐྱོར། ལས་ཞུགས་ཀྱི་ཁ་གསབ། ལས་གཏོད་ཀྱི་ཁ་གསབ། ཚོང་ཁང་ཐེངས་དང་པོ་གཉེར་བའི་བྱ་དགའ་སོགས)མཁོ་འདོན་བྱས་ཡོད།རྣམ་གྲངས་དངོས་སུ་འཁོར་སྐྱོད་བྱས་རྗེས་ལས་ཞུགས་ལས་གནས་2000ལྷག་ཙམ་གཏོད་རྒྱུ་ཡིན་པ་རེད།

ཚོང་པ་ཝང་ཞའོ་ཁྲའོ་ཡིས་ཟླ་4ཚེས་25ཉིན་ཚོད་ལྟའི་ལས་གཉེར་བྱས་པ་ནས་ད་ལྟའི་བར་ཉིན་ལྟར་ཡོང་འབབ་སྒོར་1500ནས་1600བར་ཟིན་གྱི་ཡོད་པས་ཡོང་འབབ་ཡག་པོ་འདུག འདི་གའི་ཚོང་ཁང་གི་ཁང་གླ་ཁེ་པོ་ཡོད་པ་དང་སྲིད་གཞུང་གི་ཁ་གསབ་མང་པོ་ཡོད་ལ་ལས་གཏོད་ཡོང་འབབ་ཀྱང་ཧ་ཅང་ཡག་པོ་འདུག་ཅེས་བཤད།

གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཞོན་གྱིས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཟས་རིགས་དང་། ཕྱིར་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་དབྱིངས་ཞུགས་རྣམ་པ་དང་མཉམ་འགུལ་རྣམ་པ་ཟུང་འབྲེལ་ལ་དམིགས་ཏེ་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་ཧུར་ཐག་བཏོད་ནས་འཛད་སྤྱོད་ཚོགས་སྤྱིའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཚན་མོའི་དཔལ་འབྱོར་ཁུལ་གཏོད་རྒྱུའི་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་བྱས་ཏེ་མཚན་མོའི་དཔལ་འབྱོར་གྱི་དྲ་གྲགས་ས་ཚིགས་རིམ་བཞིན་བཏོད་ཡོད། ལྷ་སའི་དབྱིངས་ཀྱི་དགའ་ནེའུ་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས།བོད་ཟས་ཀྱི་བྲོ་བ་ཞེས་པའི་འགོ་ཚུགས་མཛད་སྒོའི་གྲ་སྒྲིག་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་གྱི་མཛེས་བཟོའི་འདུ་འགོད་ནས་རིག་གནས་ལ་བསྒྱུར་རྒྱུ་མངོན་འགྱུར་བྱུང་ཡོད་པ་དང་།ས་གནས་འདི་གའི་ཁོར་ཡུག་དང་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་འདི་གའི་ཁྱད་ཆོས་ལྡན་པའི་ཚོང་ལས་ཀྱི་རྣམ་པ་དར་སྤེལ་བཏང་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་རེད། ཕྱིས་འབྱུང་ང་ཚོས་མཚན་མོའི་དཔལ་འབྱོར་གྱི་ཚོང་ལས་བཏོད་དེ་མཚན་མོའི་འཚོ་བའི་སྤུས་ཚད་དང་ཡིད་དབང་འཕྲོག་ཤུགས་ཕྱོགས་བསྡུས་ངང་གོང་མཐོར་གཏོང་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-04 6 6 拉萨日报藏文 c180409.html 1 /enpproperty-->