(པར་ངོས་དང་པོར་མཐུད)དང་ཐོག་ཚེ་རིང་དང་ཐུག་སྐབས། ཁོང་ལས་རོགས་ཚོ་དང་མཉམ་དུ་བོད་ལྗོངས་སློབ་ཆེན་དཀྱིལ་ལམ་གྱི་སྔོ་ལྗང་ཁུལ་དུ་སྔོ་ལྗང་བདག་སྐྱོང་གི་ལས་དོན་ནན་ཏན་ངང་སྤེལ་བཞིན་ཡོད་པ་དང་། ཁོང་ལས་ཀ་བྱེད་སའི་གནས་ཁ་ཤས་སུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག ཚུར་ཡོང་ནས་ལས་རོགས་པ་ཚོར་ས་ཇི་ལྟར་སོབ་སོབ་བཟོ་སྟངས་བསླབ་ཀྱི་ཡོད་པ་དང་། ཕར་ཕྱིན་ནས་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བར་ཤིང་བླུག་སྐབས་གཟབ་གཟབ་བྱེད་དགོས་པ་དང་ལྗོན་ཤིང་གི་པགས་པར་གནོད་འཚེ་བཟོ་མི་རུང་བའི་མངགས་བཅོལ་བྱེད་བཞིན་ཡོད། བཟོ་པ་དཀྱུས་མ་ཞིག་ནས་ད་ལྟའི་རུ་དཔོན་དུ་གྱུར་བའི་བར། ཁོང་གིས་ལོ་མང་རིང་སྐྱེད་ཚལ་གྱི་འཐབ་ས་མདུན་མར་འགྱོད་པ་གང་ཡང་མེད་པའི་ཐོག་ནས་འབད་འཐབ་བྱས་ཡོད། ཚེ་རིང་གིས་ད་ལྟ་ནི་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་ཡིན་པ་དང་། ལྷག་པར་དུ་ལྔ་གཅིག་གི་ངལ་གསོའི་སྐབས་སུ། མེ་ཏོག་དང་རྩྭ་ཤིང་འདེབས་འཛུགས་བྱེད་དགོས་པས། ཉིན་མོའི་དུས་ཚོད་ཀྱིས་མ་འདང་བར་ཕྱི་དྲོ་དུས་ཚོད་འཕྱི་པོར་ལས་དུས་འཕར་མ་བྱེད་དགོས་པ་དང་། དུས་ཚོད་འཕྱི་ཤོས་སུ་ཐོ་རེངས་ཆུ་ཚོད་གསུམ་པའི་གཡས་གཡོན་བར་དུ་ལས་ཀ་བྱེད་དགོས་ཀྱི་ཡོད་ཅེས་བཤད།
ལོ་རེའི་གྲོང་ཁུལ་གྱི་སྔོ་འགྱུར་ལེགས་སུ་གཏོང་བའི་ལས་གྲྭའི་ཁྲོད། དུས་ཚོད་ཉུང་ཞིང་ལས་འགན་ལྕི་བས་ཚེ་རིང་དང་ལས་རོགས་པ་ཚོ་མཉམ་དུ་ཉིན་གཉིས་པའི་ཐོ་རེངས་བར་དུ་ལས་ཀ་བྱས་ནས་གྲོང་ཁྱེར་གྱི་སྔོ་འགྱུར་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཚེ་རིང་གིས་ངལ་གསོའི་དུས་ཚོད་བགྲང་གིས་མི་ལངས་བ་ཞིག་སྔོ་འགྱུར་གྱི་ལས་དོན་ལ་ཕུལ་བ་དང་། དུས་ཆེན་གྱི་སྐབས་སུ་ལས་གནས་བརྟན་སྲུང་བྱ་རྒྱུ་དེ་ཁོང་གི་ངོས་ནས་བརྗོད་ན་རྒྱུན་ལྡན་གྱི་ལས་ཀ་ཞིག་རེད། ཚེ་རིང་གིས་ང་དང་ལས་རོགས་པ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ལྷ་སའི་སྔོ་འགྱུར་གྱི་ལས་དོན་སྔར་བས་ལེགས་སུ་ཕྱིན་པ་དང་། གསོ་རླུང་སྔར་བས་འདང་ངེས་ཡོད་པ། མཁའ་རླུང་སྔར་བས་གཙང་བ། གྲོང་ཁྱེར་གྱི་རྣམ་པ་སྔར་བས་ལེགས་སུ་ཕྱིན་པ་བཅས་མཐོང་སྐབས། རང་ཉིད་ཀྱིས་འབད་བརྩོན་བྱས་པར་རིན་ཐང་ཡོད་པ་ཞིག་རེད་བསམ་གྱིན་འདུག་ཅེས་བཤད།
ལོ་ཞེ་གཅིག་གི་རིང་། ཚེ་རིང་སྔ་རྗེས་སུ་རྒྱལ་ལམ་318ལམ་རྒྱུད་ཀྱི་སྔོ་འགྱུར་ལེགས་གཏོང་གི་རྣམ་གྲངས་དང་། ཀ་པ་སྐྱེ་ཁམས་སྔོ་འགྱུར་ལེགས་གཏོང་གི་རྣམ་གྲངས། རྔ་ཆེན་དཀྱིལ་ལམ་གྱི་སྔོ་འགྱུར་ལེགས་གཏོང་གི་རྣམ་གྲངས། ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་ལྔ་ཡི་སྔོ་འགྱུར་ལེགས་གཏོང་གི་རྣམ་གྲངས་སོགས་སྔོ་འགྱུར་ལེགས་གཏོང་གི་རྣམ་གྲངས་མང་པོ་ཞིག་གི་ནང་ཞུགས་ཡོད་པ་རེད། ཁོང་ནི་ལས་བརྩོན་ལས་བཀུར་དང་། དཀའ་སྤྱད་ལས་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་བཅས་ཡིན་པའི་དབང་གིས་འགོ་ཁྲིད་དང་། ལས་རོགས་པ། རྒྱ་ཆེའི་གྲོང་མི་མང་ཚོགས་བཅས་ཀྱི་བསྔགས་བརྗོད་ཐོབ་ཡོད། ཁོང་ལ་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ལག་རྩལ་མཁས་ཅན་དང་། ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་མི། ཕུལ་བྱུང་གུང་ཁྲན་ཏང་ཡོན། གསུམ་བརྒྱད་དར་དམར་བ། ལྷ་ས་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་བ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ད་དུང་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་དང་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་སྔོན་ཐོན་ལས་དོན་པ་སོགས་ཀྱི་གཟི་བརྗིད་མཚན་ཡང་སྙན་ཐེངས་མང་པོར་ཐོབ་མྱོང་ཡོད། ཚེ་རིང་གིས་ད་ལོར་ང་ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པར་ཧ་ཅང་དགའ་པོ་བྱུང་ལ་སྤོབས་པ་སྐྱེས་འོས་པ་ཞིག་ཀྱང་རེད། འདི་ཚང་མ་ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་རོགས་ཚོའི་རྒྱབ་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད། ངས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
སྔ་དྲོའི་ལས་ཀ་མཇུག་འགྲིལ་མ་ཐག་ཚེ་རིང་སླར་ཡང་ལས་ཀ་གསར་པ་ཞིག་གི་ནང་དུ་ཞུགས་པ་དང་། ལོ་41རིང་། ཁོང་གིས་དུས་ནམ་ཡང་ལས་མཚམས་བཞག་མ་མྱོང་། ཚེ་རིང་གིས་མ་གཞི་ནས་ང་རང་ལས་འཁྱུར་ངལ་གསོ་བྱེད་པའི་དུས་ལ་སླེབས་ཡོད་མོད། མིག་སྔར་སྔར་བཞིན་ལས་ཀ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ངས་རང་ཉིད་ཀྱི་ལས་ཀར་བརྩེ་དུང་ཟབ་མོ་བཅངས་ཡོད་ཅེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社